དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་བརྟན་འཕར་རྒྱུན་འཁྱོངས་ཐུབ་པ།

    དུས་ཚིགས་དང་པོ་ནས་གསུམ་པའི་བར་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་112ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-06

    ད་ལོ་ཚུན་དུ། རང་ལྗོངས་ཀྱིས་རིག་གནས་ཡུལ་སྐོར་དང་ལས་རྣམ་མང་པོ་མཉམ་འདྲེས་འཕེལ་རྒྱས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས། “རིག་གནས་ཡུལ་སྐོར+”དང“+རིག་གནས་ཡུལ་སྐོར”ཕྱོགས་གཉིས་ཀ་འཕེལ་རྒྱས་གཏོང་བ་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་ས་ཧུར་ཐག་བཏོད་ནས་ཡུལ་སྐོར་ཁྲོམ་རར་དོ་ཁུར་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་112.57ཟིན་ཏེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6370.73ལ་སྣེ་ལེན་ཞུས་པ་དང་། རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པ་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད།

    ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་། རང་ལྗོངས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་གང་ལེགས་སྔོག་འདོན་བྱས་ཏེ། སློབ་གསོ་དང་ལུས་རྩལ་སོགས་སྡེ་ཚན་དབར་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས། “བོད་ཀྱི་གློག་རྡུལ་རོལ་རྩེད་འགུལ་བརྙན་གྱི་རིག་གནས་ཡུལ་སྐོར་གཟའ་འཁོར་སྐབས་དང་པོ”དང“བོད་ཀྱི་བྲོ་བའི”ཟས་མཆོག་རིག་གནས་ཁྱབ་གདལ་སོགས་ཀྱི་རིམ་སྤེལ་བྱེད་སྒོ་སྔ་རྗེས་སུ་སྤེལ་ནས། “རིག་གནས་ཡུལ་སྐོར་+”མཉམ་འདྲེས་ཀྱི་ཁྱབ་ཚད་དང་གཏིང་ཟབ་ཚད་ཟམ་མི་ཆད་པར་རྒྱ་སྐྱེད་དུ་བཏང་བ་རེད།

    གཞན་ཡང་། ད་ལོ་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་རིག་གནས་ཡུལ་སྐོར་གཟུགས་བརྙན་གྱི“གཡག་གུ”དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། IPདེ“2025ལོའི‘རིག་གནས་ཡུལ་སྐོར་+’ཀྱི་མཉམ་འདྲེས་ལས་རྣམ་གསར་པ་དང་ལྗོངས་རྣམ་གསར་པའི་དཔེ་མཚོན་གསར་རྐྱང”ཁོངས་སུ་བདེ་བླག་ངང་ཚུད་ནས་རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་གསར་གཏོད་འཕེལ་རྒྱས་ཀྱི་མཚོན་རྟགས་གསར་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།