ལྗོངས་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་དང་ཁྲིམས་སྐྱོང་སློབ་ཁང་ཆེ་མོ་གཉེར་བ།
ཉེ་དུས། ལྗོངས་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་དང་ཁྲིམས་སྐྱོང་སློབ་ཁང་ཆེ་མོ་ལྷ་སར་གཉེར་བ་རེད། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་དང་། ས་ཁུལ་དང་གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག ཏང་གི་སློབ་གྲྭ་ཁག་གཅིག་བཅས་ཀྱི་སློབ་མ་300ཙམ་ཞུགས་ཡོད་པ་རེད།
སྙན་ཞུའི་ཚོགས་འདུའི་ཐོག་ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝང་ཀུའེ་སུང་གིས“ཁྲིམས་སྐྱོང་སྲིད་གཞུང་གི་གཞི་རྩའི་དོན་སྙིང”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་ཆེད་དོན་སྙན་ཞུ་བྱས་པ་དང་། སྙན་ཞུས་ཁྲིམས་ལྟར་སྲིད་འཛིན་ནས་ཁྲིམས་སྐྱོང་སྲིད་གཞུང་དང་། སྲིད་འཛིན་བྱེད་སྒོ་རྣམ་པའི་ཁྲིམས་མཐུན་རང་བཞིན་དང་དེ་བཞིན་སྲིད་འཛིན་བྱེད་སྒོའི་དོན་དངོས་ཀྱི་ཁྲིམས་མཐུན་རང་བཞིན་སོགས་ཀྱི་ཟུར་ཚད་ལ་དམིགས་ནས་རྒྱས་བཤད་གཏིང་ཟབ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཁྲིམས་སྐྱོང་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་དང་ཁྲིམས་སྐྱོང་སློབ་ཁང་ཆེ་མོ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་འཆར་འགོད་དོན་འཁྱོལ་བྱེད་པ། “ཁྲིམས་རིག་པ་མཁས་ཅན་བརྒྱ་ཡི་སྙན་ཞུའི་ཚོགས་འདུ་ཐེངས་བརྒྱའི”བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེའི་དམིགས་ཡུལ་ནི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་གོང་དུ་བཀུར་བ་དང་བཅའ་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ། དབང་ཆ་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱེད་པ། དབང་ཆ་ཁྲིམས་ལྟར་སྤྱོད་པ་སོགས་ཀྱི་གཞི་རྩའི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་བཙུགས་ཏེ། ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུར་སྤུས་ཚད་མཐོ་བའི་ཞབས་ཞུ་དང་འགན་སྲུང་མཁོ་འདོན་བྱ་ཆེད་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།