དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་མཉམ་སྡེབ་10ལ་རྒྱལ་ཡོངས་ཀྱི“རྒན་བཀུར་ཤེས་དཔལ་རྟགས་ཅན”གྱི་མཚན་སྙན་ཐོབ་པ་དང་མི་17ལ་རྒྱལ་ཡོངས་ཀྱི“རྒན་བཀུར་དང་། རྒན་གཅེས། རྒན་སྐྱོར་གྱི་དཔེ་བཟང་མི་སྣའི”མཚན་སྙན་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-06

    ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། སྔོན་ཐོན་ལ་གཟེངས་བསྟོད་དང་མིག་དཔེ་བསྟན་ནས་སྤྱི་ཚོགས་ཡོངས་ཀྱིས་རྒན་རྒོན་ལ་ཞབས་འདེགས་ཞུ་བར་མཐོང་ཆེན་དང་། རྒྱབ་སྐྱོར། དེའི་ནང་ཞུགས་པ་བཅས་ལ་སྔར་བས་སྐུལ་ལྕག་སྐུལ་སློང་བྱས་ཏེ་རྒན་བཀུར་དང་། རྒན་གཅེས། རྒན་སྐྱོར་བཅས་ཀྱི་སྤྱི་ཚོགས་རྣམ་པ་གཏོད་ཆེད། རིམ་པ་བཞིན་འོས་སྦྱོར་དང་། ཞིབ་དཔྱད། ཡོངས་བསྒྲགས་བཅས་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་ན་རྒས་ལས་དོན་ཨུ་ལྷན་གཞུང་ལས་ཁང་གིས་པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་ཏུང་ཀྲི་མེན་ཁྲོམ་གཞུང་གི་གྲོང་མིའི་བྱེད་སྒོ་ལྟེ་གནས(ཏང་དམངས་བྱེད་སྒོ་ལྟེ་གནས)སོགས་མཉམ་སྡེབ་1290ལ་རྒྱལ་ཡོངས་ཀྱི“རྒན་བཀུར་ཤེས་དཔལ་རྟགས་ཅན”གྱི་མཚན་སྙན་སྤྲོད་རྒྱུའི་ཐག་བཅད་པའི་ནང་རང་ལྗོངས་ཀྱི་མཉམ་སྡེབ་10ལ་མཚན་སྙན་དེ་ཐོབ་པ་དང་། ཀའོ་ཞང་སོགས་མི་སྒེར་1990ལ་རྒྱལ་ཡོངས་ཀྱི“རྒན་བཀུར་དང་། རྒན་གཅེས། རྒན་སྐྱོར་བཅས་ཀྱི་དཔེ་བཟང་མི་སྣའི”མཚན་སྙན་སྤྲད་པའི་ནང་རང་ལྗོངས་ཀྱི་མི་17ལ་མཚན་སྙན་དེ་ཐོབ་པ་རེད།

    རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི“རྒན་བཀུར་ཤེས་དཔལ་རྟགས་ཅན”གྱི་མཚན་སྙན་ཐོབ་མཁན་གྱི་མིང་ཐོ་ནི། ལྷུན་གྲུབ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་དང་། སྐྱིད་གྲོང་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་ཚོགས་ཕན་བདེ་ཁང་། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ན་རྒས་ལས་དོན་དང་རྒན་གསོའི་ཞབས་ཞུ་ཁོའོ། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས། སོག་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས། མངའ་རིས་ས་ཁུལ་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ས་ཁོངས་བརྒལ་བའི་གྱོད་གཞི་སྐོར་སྐྱོད་འདྲི་གཅོད་མཐུན་སྦྱོར་ཁྲུའུ། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཆབ་སྲིད་པུའུ། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)བཅས་ཡིན།

    རང་ལྗོངས་ཀྱི་རྒྱལ་ཡོངས“རྒན་བཀུར་དང་། རྒན་གཅེས། རྒན་སྐྱོར་བཅས་ཀྱི་དཔེ་བཟང་མི་སྣའི”མཚན་སྙན་ཐོབ་མཁན་གྱི་མིང་ཐོ་ནི། སྐལ་བཟང་བདེ་སྐྱིད(བུད་མེད། བོད་རིགས)ལྷུན་གྲུབ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས། དབྱངས་ཅན་ཚེ་རིང(བུད་མེད། བོད་རིགས)མལ་གྲོ་གུང་དཀར་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས། ངག་དབང་སྒྲོལ་མ(བུད་མེད། བོད་རིགས)གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་རྒན་རྒོན་ཞབས་ཞུ་ལྟེ་གནས། བསོད་ནམས་མགོན་པོ(བོད་རིགས)ལྷ་རྩེ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས། འཆི་མེད་ཚེ་དབང(བོད་རིགས)ཆུ་གསུམ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས། ཚེ་རིང་ཆོས་འཛོམས(བུད་མེད། བོད་རིགས)སྣ་དཀར་རྩེ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས། ཡེ་ཤེས་སྒྲོལ་མ(བུད་མེད། བོད་རིགས)སྣང་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ཞབས་ཞུ་ལྟེ་གནས། བསོད་ནམས་བུ་ཁྲིད(བུད་མེད། བོད་རིགས)སྤོ་བོ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས། བསོད་ནམས་འཕྲིན་ལས(བོད་རིགས)ལྷོ་རོང་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས། དབྱང་ཁའེ། ཆབ་མདོ་གྲོང་ཁྱེར་རྒན་གསོ་ཞབས་ཞུའི་མཛུབ་ཁྲིད་ལྟེ་གནས། བསོད་ནམས་ཕུན་ཚོགས(བོད་རིགས)ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས། འཇམ་དཔལ(བོད་རིགས)མངའ་རིས་ས་ཁུལ་དམངས་སྲིད་ཅུས། བསྟན་འཛིན་ཚུལ་ཁྲིམས(བོད་རིགས)རུ་ཐོག་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས། པད་མ་གཡང་འཛོམས(བུད་མེད། བོད་རིགས)བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་། ཉིང་ལི་ནཱ(བུད་མེད། བོད་རིགས)ཉིང་ཁྲི་གྲོང་ཁྱེར་ལྟ་སྲུང་ཁང་ཞིབ་དཔྱོད་ཁང་དུ་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་། བྱམས་པ་བློ་བཟང(བོད་རིགས)ཉིང་ཁྲི་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་སྲུང་ལྟེ་གནས་རྫ་ཡུལ་བདག་སྐྱོང་དུམ་བུ། བསོད་ནམས་ལྷ་མོ(བུད་མེད། བོད་རིགས)ལྷུན་རྩེ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་བཅས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།