དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅང་སུའུ་ཀྲེན་ཅང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།

    མུའུ་རེའི་ཆ་སྙོམས་ཕན་འབྲས་ཆེ་རུ་གཏོང་བར་མིག་སྔའི་གནས་ཚུལ་ལ་ལྟ་དགོས་ལ་འབྱུང་འགྱུར་ལ་དེ་བས་ཀྱང་ལྟ་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡའོ་ཞུའེ་ཆིང་།   |     སྤེལ་དུས།  2025-11-05

    ཅང་སུའུ་ཀྲེན་ཅང་གི་ཏན་དབྱང་ཧུའེ་ཁྲོང་སྨན་བཅོས་སྒྲིག་ཆས་ཚད་ཡོད་ཀུང་སིའི་གཞུང་ལས་ཁང་ཞིག་གི་ནང་ཏུང་ཧྲི་ཀྲང་དབང་ཏའེ་ཧྥ་ཧང་སངས་པའི་ངང་ནས་ཁ་པར་ནང“ཕྱོགས་གང་གི་ཐད་ལ་ཚད་ལོན་མི་འདུག”ཅེས་དྲིས།

    རྒྱལ་ཁབ་རིམ་པའི་ཤེས་ལྡན་པའི་ཚོགས་པའི་སྣེ་ཁྲིད་པ་དང་ལས་རིགས་ཀྱི་རྩེར་སོན་དུ་སླེབས་པའི་ཀླད་འཕྲུལ་སྦྲེལ་རྩལ་ཏེ། ཏན་དབྱང་ཧུའེ་ཁྲོང་གི་གཙོ་ཤུགས་རྣམ་གྲངས་ལ་ཀྲེན་ཅང་གྲོང་ཁྱེར་གྱི་ཐོན་ལས་རྣམ་གྲངས་གལ་ཆེན་གྱི་དཔྱད་དཔོག་ཁྲོད“ཕུལ་བྱུང”ཐོབ་མེད།

    ཁ་པར་ནང་ཀྲེན་ཅང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་རྣམ་གྲངས་དཔྱད་དཔོག་ཚོགས་ཆུང་གི་ཙུའུ་ཀྲང་ཞུས་ཐིང་གིས“‘འབྱུང་འགྱུར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས’ཞེས་པའི་ནང་དོན་དང་ཀུང་སིར་ཡོད་པའི་ཁེ་བེད་བདག་ཐོབ་100ལྷག་ཙམ་དང་མཐུན་སྡུར་མི་ཐུབ་པས། སྐར་མ་དེ་ནས་ཟག་པ་རེད”ཅེས་དབྱེ་ཞིབ་བྱས་ནས་བཤད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས’ཞེས་བསྟན་ཡོད། ཞུས་ཐིང་གིས་ངོ་སྤྲོད་བྱས་པར། ཀྲེན་ཅང་གིས་གཙོ་གནད་ཐོན་ལས་རྣམ་གྲངས་ཀྱི“དུས་གོང་དཔྱད་དཔོག”ལམ་སྲོལ་གསར་གཏོད་བྱས་པ་བརྒྱུད། ཕུལ་བྱུང་རྣམ་གྲངས་ལ་ཐོན་ཁུངས་བཀོད་སྒྲིག་ཡག་པོ་བྱས་ཏེ་ཁེ་ལས་ལ“མཆོང་ཙམ་བྱས་ན་སྒང་ལ་སྙོབ་ཐུབ་པར”བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་པར་ཁྲིད་སྟོན་བྱས་ཡོད།

    “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ”ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་གཙོ་བོའི་དོན་ཚན་དང་པོ་རེད།

    ཏན་དབྱང་ཧུའེ་ཁྲོང་གིས་ཀྱང་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱེད་བཞིན་ཡོད། ཀུང་སི་དེས་ཞིབ་སྤེལ་བྱས་པའི་ཐོན་རྫས་རབས་དང་པོ་སྟེ། རླབས་ཐུང་དམར་ཕྱིའི་ཀླད་པའི་བྱེད་ནུས་བརྙན་གྲུབ་སྒྲིག་ཆས་ལ་ཁྲོམ་རའི་ཁས་ལེན་ཐོབ་པ་དང་། ཀུང་སིའི་མུའུ་རེའི་ཆ་སྙོམས་ཁྲལ་བསྡུ་སྒོར་ཁྲི་50ལས་བརྒལ་ཡོད།

    “མུའུ་རེའི་ཆ་སྙོམས་ཕན་འབྲས་ཆེ་རུ་གཏོང་བར་མིག་སྔའི་གནས་ཚུལ་ལ་ལྟ་དགོས་ལ་འབྱུང་འགྱུར་ལ་དེ་བས་ཀྱང་ལྟ་དགོས། ཀུང་སིའི་རབས་དང་པོའི་ཐོན་རྫས་ཀྱིས་ཁྲོམ་ར་བཟུང་ཚད་ཧ་ཅང་མཐོ་པོ་ཡོད་མོད། འོན་ཀྱང་ཁེ་བེད་བདག་ཐོབ་མང་པོ་ཞིག་ལག་ཏུ་ཡོད་ནའང་ཐོན་རྫས་གསར་པ་ཞིབ་སྤེལ་མགྱོགས་པོ་མི་བྱེད་པ་ཅི་ཡིན”ཞེས་ཞུས་ཐིང་གིས་ཐད་ཀར་དྲིས།

    “བཀོད་འདོམས་དབྱུག་པའི”འོག དབང་ཏའེ་ཧྥ་ཡིས“སྐྱིད་སྣང་ཁུལ”ནས་དོན་ཏེ“མི་མེད་ཁུལ”དུ་དཔའ་ངར་ཆེན་པོས་བསྐྱོད་རྒྱུའི་སེམས་ཐག་བཅད་པ་སྟེ། མི་རིང་བའི་གོང་སྒོར་དུང་ཕྱུར་5བཏང་ནས་རྒྱལ་ནང་གི་སྟོང་ཆ་ཡིན་པའི་རླབས་ཐུང་དམར་ཕྱིའི་འོད་རིག་པའི་ཀླད་འཕྲུལ་སྦྲེལ་མཐུད་སྨན་བཅོས་སྒྲིག་ཆས་རྣམ་གྲངས་ལ་དམིགས་ནས“དུས་གོང་གི་དཔྱད་དཔོག་བྱེད་པའི”ཁྲོད་དུ“ཕུལ་བྱུང”ཐོབ་ཡོད། དེ་གོང་འབྱོར་བའི་ཁ་པར་ནང་གི་སྐད་ཆར་ཕྱིར་དྲན་བྱེད་སྐབས། དབང་ཏའེ་ཧྥ་ལ་ཁེ་ལས་ཀྱིས་ཞིབ་སྤེལ་ལ་ཤུགས་སྣོན་རྒྱག་པར་འབད་བརྩོན་བྱས་པ་བྱེད་རིན་ཡོད་པ་ཞིག་ཡིན་པའི་ཚོར་སྣང་ཆེན་པོ་བྱུང་ཡོད།

    རྣམ་གྲངས་དེར་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་རྒྱབ་སྐྱོར་ཐོབ་པ་སྟེ། ཏན་དབྱང་གིས་ཐོན་རྫས་བཀོལ་སྤྱོད་བྱ་ཡུལ་རྒྱ་ཆེར་བཏང་བ་དང་། ཀྲེན་ཅང་གིས་ཐོན་རྫས་གསར་པ་ཁྲོམ་རར་འདོན་པའི་ཞིབ་མཆན་བརྒྱུད་རིམ་ལ་སྐུལ་འདེད་ཧུར་ཐག་བཏང་བ། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་སྲིད་ཇུས་ཀྱི་མཛུབ་ཁྲིད་བཅས་བྱས་ཡོད། “མ་འོངས་པར་རེ་བ་ཆེན་པོ་འདུག”ཅེས་དབང་ཏའེ་ཧྥ་ཡིས་གདེང་ཚོད་ཆེན་པོས་བཤད།

    ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་བྱ་ཆེད། ཀྲེན་ཅང་གིས“དུས་གོང་དུ་དཔྱད་དཔོག་བྱེད་པའི”རྨང་གཞིའི་ཐོག་ད་དུང“དུས་མཇུག་ཏུ་གདེང་འཇོག་བྱེད་པའི”ལམ་སྲོལ་མང་དུ་བཏང་ཡོད།

    ཀྲེན་ཅང་པེ་ཅིང་རླངས་འཁོར་ལན་ཀུའུ་མའེ་ཀེ་ན་རླངས་འཁོར་ཚད་ཡོད་ཀུང་སིས་ཆ་སྙོམས་སྐར་མ་གཉིས་རེར་ནུས་རྒྱུ་གསར་པའི་རླངས་འཁོར་གཅིག་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། ཟླ་11པར་འབར་སྣུམ་དང་ནུས་རྒྱུ་གསར་པ་ཟུང་འབྲེལ་རྣམ་པའི་རླངས་འཁོར་གསར་པའི་མངགས་ཐོ་ཁྲི་ལས་བརྒལ་ཡོད།

    དེ་ནི“བཀོད་འདོམས་དབྱུག་པ”དང་ལེན་བྱས་པ་དང་འབར་སྣུམ་རླངས་འཁོར་ནས་ཕྱོགས་སྒྱུར་བྱས་པ་ལས་བྱུང་བའི་ནུས་རྒྱུ་གསར་པའི་རླངས་འཁོར་ཧྲིལ་པོའི་ཁེ་ལས་ཤིག་རེད། ཀྲེན་ཅང་གི་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་ངོས་ནས་དེ་བསྐྲུན་རྗེས་ཁེ་ལས་ཀྱི་ཐོན་སྐྱེད་ཡོངས་སུ་ལེགས་སྒྲུབ་ཟིན་མེད།

    རྒྱུ་མཚན་ཅི་ཡིན་ཞེ་ན། ཀྲེན་ཅང་གིས“དུས་མཇུག་གི་གདེང་འཇོག”བྱས་པ་བརྒྱུད། རྣམ་གྲངས་གལ་ཆེན་དེར་ཕྱིར་མིག་བལྟས་པ་སྟེ། གསར་གཏོད་མི་འདང་བ་དང་ཐོན་རྫས་སྣ་གཅིག་ཡིན་པས་རེད། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་འབར་སྣུམ་དང་ནུས་རྒྱུ་གསར་པའི་འཁོར་རིགས་ཞིབ་སྤེལ་བྱ་རྒྱུའི་གྲོས་འགོ་བཏོན་ནས། ཁེ་ལས་དང་མཐོ་སློབ་ལ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་ཐུན་མོང་ཐོག་འཛུགས་རོགས་བྱེད་པ་དང་དུས་མཚུངས་ཐོན་འཚོང་འབྲེལ་མཐུད་ལས་སྟེགས་མཐུན་སྦྱོར་བྱས་ནས་ཁྲོམ་རར་འདོན་རོགས་བྱེད་ཀྱི་ཡོད་པ་རེད།

    “ཟླ་8པར་འཁོར་རིགས་གསར་པ་ཐོ་འགོད་བྱས་པ་དང་། ཟླ་10པར་ཐོན་སྐྱེད་བརྒྱུད་རིམ་ནས་སྒྱུར་བཅོས་བྱས་པ། ཟླ་10པའི་ཟླ་མཇུག་ཏུ་འབར་སྣུམ་དང་ནུས་རྒྱུ་གསར་པ་ཟུང་འབྲེལ་རྣམ་པའི་འཁོར་རིགས་གསར་པ་ཐོན་སྐྱེད་ཐུབ་ཡོད། མིག་སྔར་མངག་ཐོ་མང་པོ་འདུག”ཅེས་ཀུང་སིའི་ཕྱོགས་བསྡུས་དོ་དམ་པུའི་པུའུ་ཀྲང་ཝང་ཕེང་གིས་བཤད།

    “དུས་གོང་དཔྱད་དཔོག་གི་གནད་འགག་ལ་དམ་འཛིན་དང་དུས་མཇུག་གདེང་འཇོག་གི་ཕན་འབྲས་རྩད་གཅོད་བྱས་ནས་ཐོན་ལས་རྣམ་གྲངས་ལ‘ཕྱོགས་སྟོན་འཁོར་ལོ’དང‘འགྲོས་སྣོན་ཆས’བསྒར་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་དེ་བས་ཆེ་རུ་ཕྱིན་ཡོད” ཀྲེན་ཅང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཐན་ཆིན་ལེ་ཡིས་ད་ལོ་ནས་བཟུང་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་དང་ཀྲེན་ཅང་གི་གཙོ་ཁྲིད་ཐོན་ལས་དབར་མཐུན་ཚད་80%ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས།

    “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར། ང་ཚོས་དཔྱད་ཞིབ་ཀྱི‘བཀོད་འདོམས་དབྱུག་པའི’ནུས་པ་སྔར་བས་བཏོན་ཏེ། ཐོན་ལས་རྣམ་གྲངས་ཀྱི་རིན་ཐང་འདུས་ཚད་དང་གསར་མ་འདུས་ཚད་མཐོ་རུ་གཏོང་རོགས་བྱས་ནས་ཁེ་ལས་མཁས་ཅན་དེ་བས་མང་བ་གསར་གཏོད་བྱེད་མཁན་ནས་ཕན་པ་ཐོབ་མཁན་ལ་འགྱུར་བར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་མཉམ་དུ་བསྐྱོད་ཀྱི་ཡིན”ཞེས་ཀྲེན་ཅང་གྲོང་ཨུད་ཀྱི་ཧྲུའུ་ཅི་མཱ་མིང་ལུང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།