དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཚན་རིག་རྟོག་ཞིབ་རུ་ཁག་གི་བྱང་སྣེའི་མི་བཞུཌ་གཏིང་འཛུལ་གྱི་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-05

    ཟླ་10ཚེས་27ཉིན། བྱང་སྣེའི་མི་བཞུགས་གཏིང་འཛུལ་ལས་འགན་ལག་བསྟར་བྱེད་པའི་རང་རྒྱལ་གྱི་ཚན་རིག་རྟོག་ཞིབ་རུ་ཁག་གི་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་ནས་བདེ་བླག་ངང་ཕྱིར་ལོག་པ་རེད། ད་ཐེངས་ནི་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་ལ་བརྟེན་ནས་བཟོས་པའི་རྒྱལ་སྤྱིའི་ཐོག་འཁྱགས་གཏོར་ནུས་པ་ལྡན་པའི་མི་བཞུགས་གཏིང་འཛུལ་ལས་སྒྲུབ་གྲུ་གཟིངས་ཨ་མ་དང་པོ“འཚོལ་ཞིབ་ཨང་གསུམ་པ་རྟགས་ཅན”དང་དེའི་ནང་བླུགས་པའི“འབད་འཐབ་པ”རྟགས་ཅན་གྱི་མི་བཞུགས་ཆུར་འཛུལ་ཡོ་བྱད་ལ་བརྟེན་ནས་ཚན་རིག་རྟོག་ཞིབ་བྱས་པ་ཞིག་རེད།

    ཚན་རིག་རྟོག་ཞིབ་རུ་ཁག་ཟླ་7ཚེས་22ཉིན་ཧའེ་ནན་སན་ཡ་ནས་ཐོན་ཏེ་འཁྱགས་རོམ་རྒྱ་མཚོ་བྱང་མར་ཉིན་56ལས་ཀ་བྱས་ནས་ཚན་རིག་རྟོག་ཞིབ་དང་ཚོད་ལྟ་རབ་དང་རིམ་པ་བྱས་པ་རེད། “འབད་འཐབ་པ”རྟགས་ཅན་གྱི་མི་བཞུགས་ཆུར་འཛུལ་ཡོ་བྱད་ཀྱིས་བྱང་སྣེར་ཆུར་འཛུལ་ལས་འགན་ཐེངས་43ལེགས་གྲུབ་བྱས་ཡོད། “ཀླུ་མོ་རྟགས་ཅན”གྱི་མི་བཞུགས་ཆུར་འཛུལ་ཡོ་བྱད་ཀྱིས་རང་རྒྱལ་གྱི་བྱང་སྣེའི་འཁྱགས་ཁུལ་དུ་མི་བཞུགས་གཏིང་འཛུལ་གྱི་ལས་འགན་ཐེངས་དང་པོ་ལེགས་གྲུབ་བྱས་པ་མ་ཟད།“འབད་འཐབ་པ”རྟགས་ཅན་དང་མཉམ་དུ་ཆུ་ནང་དུ་མཐུན་སྦྱོར་ལས་སྒྲུབ་བྱས་ནས་རང་རྒྱལ་གྱི་མི་བཞུགས་ཆུར་འཛུལ་ཡོ་བྱད་གཉིས་ཀྱིས་ཆུ་འོག་ཏུ་མཐུན་སྦྱོར་ལས་སྒྲུབ་བྱེད་སྟངས་གསར་གཏོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།