ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས།
“བྱེ་ཐང་དཔལ་འབྱོར”གྱི་གཏམ་རྒྱུད་ཡག་པོ་བཤད་པ།
ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ཤིས་ཕུའུ་ཞིང་ལས་སྐྱེད་ཚལ་གླིང་དུ་རྒྱ་མཚོ་རྟེན་མཛོད་ཁང་དང་། བྱེ་ཕུང་སྒྱུ་རྩལ་སྤྱི་གླིང་། སྔོག་འཐུ་གླིང་བཅས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མ་དངུལ་སྒོར་དུང་ཕྱུར་2བཏང་ནས་བསྐྲུན་པའི“ལྷ་སའི་ལྡུམ་ར་རྒྱབ་མས”འདི་ལོའི་དབྱར་གསེང་རིང་ཆ་སྙོམས་ཉིན་རེར་ཡུལ་སྐོར་བ་མི་ཐེངས་2000ལ་སྣེ་ལེན་ཞུས་ནས་བཟའ་བཏུང་དང་དམངས་སྲོལ་གནས་ཚང་ལ་ཡོང་འབབ་སྒོར་ཁྲི་2000ལྷག་ཡོང་བར་སྐུལ་ཁྲིད་བྱས་ཡོད། གླེང་རིན་ཡོད་པ་ཞིག་ལ་སྲིད་གཞུང་གིས་སྔོན་འཇོག་བྱས་པའི་མུའུ་ཁྲི་3000ལྷག་གི་གདོད་མའི་བྱེ་ཕུང་དེ“བྱེ་ཐང་སྤྱི་གླིང”བཟོས་ནས་ཡུལ་སྐོར་བ་ཚོར་བྱེ་ཐང་ཁྲོད་ནས་ལྗོན་ཤིང་མཐོང་ཐུབ་པར་བྱས་ཡོད།
གྲ་ནང་རྫོང་ནི་ཡར་ཀླུང་གཙང་པོའི་ངོགས་ཀྱི“རླུང་ཁ”ལྟ་བུར་གནས་ཡོད་པས་སྔོན་ཆད་བྱེ་རླུང་འཚུབ་ནས་ལོར་ཆ་སྙོམས་བྱེ་རླུང་ལྡང་བའི་གནམ་གཤིས་ཉིན་70ལྷག་ཙམ་བསྟན་གྱི་ཡོད། ད་ཆ་ལྷོ་རི་བྱང་རིར་འཛེགས་ནས་རྒྱང་ལྟ་བྱས་ཚེ་རྒྱ་ཁྱོན་ལ་མུའུ་ཁྲི་ཟིན་པའི་ཀུ་ཤུའི་སྡོང་པོ་རི་འདབས་སུ་བཏབ་པ་དང་། འོད་ཤུགས་པང་ལེབ་ཉི་འོད་ཁྲོད་རབ་ཏུ་འཚེར་བ། རྒྱ་མཚོའི་རྟེན་མཛོད་ཁང་དུ་ཚ་ཡུལ་ཉ་མོ་འཁྱུག་པ་སོགས་གནའ་བོའི་ས་ཆ་དེས“བྱེ་ཐང་དཔལ་འབྱོར”གྱི་ངོ་མཚར་གཏོད་བཞིན་མཆིས།
“ཤིང་བཏབ་པ་ནི་རེ་བ་བསྐྲུན་པ་དང་གཅིག་པ་རེད”ཅེས་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ལྷག་སྒྲོན་གྱིས་བཤད། དུས་རབས་གོང་མའི་ལོ་རབས་80པའི་དུས་འགོར་གྲ་ནང་རྫོང་གིས“ཤིང་སོན་གཏིང་འདེབས”དང་། “སྡོང་རིང་ལྗོན་ཤིང་དང་། སྡོང་ཐུང་ལྗོན་ཤིང་། རྩི་ཤིང་བཅས་མཉམ་འདྲེས”“བྱེ་སྐྱེས་ཤིང་སོན་འདྲེན་འདེབས”སོགས་སྐྱེ་དངོས་བྱེ་བཅོས་བྱེད་ཐབས་གཙོ་བོར་བྱེད་པ་དང“བྱེ་རགས”བསྐྲུན་པ་དང་། “བྱེ་བཀག་ནགས་གསོ”“རྩི་ཤིང་བྱེ་བཀག”“ཉི་ལུང་དྲ་བའི་བྱེ་བཀག”སོགས་ཀྱི་ལས་གྲྭའི་བྱེ་བཅོས་བྱེད་སྟངས་གཞོགས་འདེགས་སུ་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ཚོས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་བྱེ་སར་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ཤུགས་ཆེན་སྤེལ་ཏེ“བྱེ་རྒྱས་མི་བཤོལ”ནས“སྔོ་རྒྱས་བྱེ་འཇགས”སུ་བསྒྱུར་ཞིང་2018ལོ་ནས་ད་བར་ནགས་ས་རྒྱ་ཁྱོན་མུའུ་ཁྲི་5ལྷག་ཙམ་གསར་སྐྲུན་བྱས་ཤིང་། བྱེ་རྡོ་ར་བ་གསུམ་སྒོ་བརྒྱབ་པ་རེད།
2025ལོའི་ཟླ་བ་གཉིས་པར། གྲ་ནང་རྫོང་གིས་ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་ཤིང་འཛུགས་ནགས་བཟོ་བྱས་ཏེ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་7.2བཏང་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་མུའུ་ཁྲི་2.6ལག་ལེན་བསྟར་ཡོད་པ་རེད།
དེ་སྔའི་བྱེ་ཐང་ཆེན་པོ་སྔོ་ལྗང་ཁུལ་དུ་གྱུར། བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྒྱལ་ཁབ་ས་ཆ་སྔོ་འགྱུར་ལག་བསྟར་ཤུགས་ཆེན་བྱས་པ་བརྒྱུད། གྲ་ནང་རྫོང་དུ་བྱེ་རླུང་ལྡང་བའི་གནམ་གཤིས་བསྟན་ཚད་དུས་རབས་20པའི་ལོ་རབས་80པའི་ལོར་ཆ་སྙོམས་ཉིན་70ལྷག་ཙམ་ནས་ད་ཆའི་ལོར་ཆ་སྙོམས་ཉིན་10བར་ཐུང་དུ་ཕྱིན་ཡོད།
2020ལོར་བྱེ་ས་འདིར་ཧྲའན་ཤིས་ལུའོ་ཁྲོན་ཀུ་ཤུ་ཐོག་མར་བཏབ་པ་དང་། “སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་འབྲེལ་བྱེད་སྟངས་སྤྱད་དེ་སྡོང་ཐུང་ཀུ་ཤུའི་གླིང་མུའུ་ཁྲི་1.02ཀྱིས་མི་ཐེངས་3800ལ་ཐག་ཉེ་ས་ནས་ལས་ཞུགས་ཐུབ་སྟེ་མི་རེར་ཆ་སྙོམས་ལོར་ཡོང་འབབ་སྒོར་ཁྲི་2འཕར་བར་སྐུལ་ཁྲིད་བྱས་ཡོད།
ཀུ་ཤུ་སྐམ་པོ་དང་ཀུ་ཤུའི་སྐྱུར་ཆུ་སོགས་ཐོན་རྫས་ཏུན་30ཕྱིར་གཏོང་བྱས་ནས་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ཁེ་མངོན་འགྱུར་ཐུབ་ཡོད།
“སྲིད་གཞུང་གིས་ལམ་བཟོ་ཆུ་འདྲེན་དང་ཁེ་ལས་ཀྱིས་འགན་འཁུར་གཉེར་སྐྱོང”བྱས་ཤིང་། གྲ་ནང་རྫོང་གི་རྫོང་དཔོན་གཞོན་པ་ཅང་དབྱི་ཡིས་གྲ་ནང་གིས“སྲིད་གཞུང་གིས་རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་གཏོང་བ་དང་ཁེ་ལས་ཀྱིས་གཉེར་སྐྱོང་བྱེད་པའི་བྱེད་སྟངས”འཚོལ་ཞིབ་བྱས་ཏེ་རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་5བཏང་ཡོད་པ་རེད། ནུས་རྒྱུ་གཙང་མའི་སྒྲིག་ཆས་རྟེན་གཞི་དང་འོད་ཤུགས་བྱེ་བཅོས་རྣམ་གྲངས་རིམ་གྱིས་དོན་འཁྱོལ་བྱས་ནས་2025ལོའི་ལོ་སྟོད་ཁོ་ནར་རྣམ་གྲངས་ཁག་28ལས་འགོ་ཚུགས་པར་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་6.04བཏང་ཡོད་ཅེས་ངོ་སྤྲོད་བྱས།
2016ལོར་སི་ཁྲོན་གྱི་ཚོང་པ་ཀན་ཅན་མིང་གིས་མ་དངུལ་སྒོར་ཁྲི་7000བཏང་སྟེ་ས་བབ་སྨི་3000ཟིན་པའི་བྱེ་ཐང་ལ་མུའུ་500ཡི་དྲོད་ཁང་ཆེ་མོ་བཙུགས་ཏེ་སེའུ་བཏབ་ཡོད། “མི་མང་པོས་དེ་ལེགས་གྲུབ་ཡོང་མི་སྲིད་པའི་ངོས་འཛིན་བྱས་རུང་། བོད་ཀྱི་དྲོད་ཚད་ཁྱད་པར་ལས་ཤིང་འབྲས་དེ་བས་མངར་བར་གྱུར་ཡོད”
ད་ཆ་ཁོང་གི་ཤིང་འབྲས་ལྡུམ་ར་ནས་ལོར་སེའུ་རྒྱ་མ་ཁྲི་15ཐོན་ཏེ་གྲ་ནང་བར་ཁྱིམ་གྱི་སྒོ་རྩ་ནས་སེའུ་བཟའ་རྒྱུ་བྱུང་ཡོད།
ཁེ་ལས་དར་ཚེ་ཐོན་ལས་དར། སྲིད་གཞུང་གིས་ཁེ་གྱོང་གི་རྩིས་ཡག་པོ་རྒྱག་ཐུབ་པ་བྱེད་དགོས། གྲ་ནང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཏིང་ཡོང་ཐའོ་ཡིས་ཁེ་ལས་ཀྱིས་ས་ཞིང་གི་བོགས་དངུལ་རྩ་ཆག་བཏང་བ་མ་ཟད། ད་དུང་བོད་སྐྱོར་མ་དངུལ་སྒོར་ཁྲི་7605.1བཏང་ནས་རྨང་གཞིའི་སྒྲིག་བཀོད་སྐྲུན་རོགས་བྱས་བྱུང་། “འོན་ཀྱང་ནུས་རྒྱུ་གཙང་མའམ་ཡང་ན་སྐྱེ་ཁམས་ཐོན་ལས་དང་སྦགས་བཙོག་ཆེ་བའི་རྣམ་གྲངས་ལག་ལེན་བསྟར་གྱི་མེད”ཅེས་ངོ་སྤྲོད་བྱས།
ས་བབ་སྨི་3800ཟིན་པའི་ཞིང་ལས་སྐྱེད་ཚལ་གླིང་དུ་ཀན་ཅན་མིང་གིས“གོམ་སྟབས་རྗེས་མར་མ་རྐང་ཡུལ་དེའི་སློབ་གྲྭ་ཆེ་མོ་བར་བགོས་ནས་བྱེ་ཐང་དཔལ་འབྱོར་དེ་ཐུན་མོང་འབྱོར་ཕྱུག་གི་ཐབས་ལམ་དུ་འགྱུར་བར་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།