ཧྲེན་ཀྲེན་མཚོ་ཁུག་རིག་གནས་ཐང་ཆེན་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་ནས་ཁུག་ཆེན་ཁུལ་རིག་གནས་ཀྱི་ས་ཁམས་མཚོན་རྟགས“གསར་པ”མངོན་པ།

འདི་ནི་ཟླ་11ཚེས་1ཉིན་པར་བརྒྱབ་པའི་ཧྲེན་ཀྲེན་མཚོ་ཁུག་རིག་གནས་ཐང་ཆེན་ཡིན་པ།
ཟླ་11ཚེས་1ཉིན། ཧྲེན་ཀྲེན་མཚོ་ཁུག་རིག་གནས་ཐང་ཆེན་དངོས་སུ་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ཧྲེན་ཀྲེན་མཚོ་ཁུག་རིག་གནས་ཐང་ཆེན་ནི“མཚོ་ཁའི་ཕ་བོང”ལ་དཔེ་བལྟས་ནས་བསྐྲུན་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་18.8ཟིན་པར་འགྲེམས་ཁང་9བཀོད་སྒྲིག་བྱས་པ་དང་འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5ལྷག་ཟིན་པ་དེར་ཇུས་འགོད་སྒྱུ་རྩལ་འགྲེམས་སྟོན་དང་། འབྱུང་འགྱུར་ཇུས་འགོད་ཁང་། སྣ་མང་རིག་གནས་བར་མཐོངས། མཚམས་བརྒལ་སྤྱི་ཚོགས་འབྲེལ་བའི་འདུས་སྡེ་བཅས་ཕན་ནུས་ཁུལ་ཆེན་པོ་བཞི་བཟོས་ནས་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་པའི་ཇུས་འགོད་རིག་གནས་ཕྱོགས་བསྡུས་དངོས་ཚན་ཞིག་ཏུ་གཏོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།