དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པ་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་ཁྲི་67.7ལ་ཆད་པ་བཅད་པ།

    ​དེའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་41ཚུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-05

    གསར་འགོད་པར་ཉེ་ཆར་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2025ལོའི་ཟླ་བ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་ཞིང་། 2025ལོའི་ཟླ་བ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་ཐེངས་ཁྲི་314.4དང་ལེན་བྱས་པ་དང་། གྱོད་དོན་ཐོ་འགོད་ཁྲི་78.9བྱས་པ། མི་ཁྲི་67.7ལ་ཆད་པ་བཅད་པ་དང་། དེའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་41ཚུད་ཡོད།

    བརྡ་ཁྱབ་ལས་མངོན་གསལ། 2025ལོའི་ཟླ་བ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་བསྡོམས་ཐེངས་ཁྲི་314.4དང་ལེན་བྱས་པའི་ནང་ཉེས་འདོན་དང་ཞུ་གཏུག་རིགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཐེངས་ཁྲི་99.6ཚུད་ཡོད། གནད་དོན་གྱི་ཁུངས་སྣེ་ཁྲི་197.6ཐག་གཅོད་བྱས་ཡོད། གྱོད་དོན་ཐོ་འགོད་ཁྲི་78.9བྱས་པའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་90དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་3704 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་3.1 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་10.6བཅས་ལ་གྱོད་དོན་ཐོ་འགོད་བྱས་ཡོད་པ་དང་། ད་ལྟ་འགན་འཁུར་བཞིན་ཡོད་པའམ་དེ་སྔོན་འཁུར་མྱོང་ཡོད་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཁྲི་7.2ལ་གྱོད་དོན་ཐོ་འགོད་བྱས་ཡོད། མི་ཁྲི་67.7ལ་ཆད་པ་བཅད་པའི་ནང་མི་ཁྲི་50.2ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་མི་ཁྲི་22ལ་སྲིད་དོན་ཆད་པ་བཅད་པ། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་41དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་2953 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་2.4 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་8.4 ལས་བྱེད་པ་དཀྱུས་མ་ཁྲི་9 གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་ཁྲི་47.6བཅས་ལ་ཆད་པ་བཅད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།