གནའ་བོའི་ཕོ་བྲང་གི་འགྲེམས་སྟོན་ལས་ཙི་ཅིན་ཕོ་བྲང་གི་གསང་བ་རྟོལ་བ།

“གནའ་བོའི་ཕོ་བྲང་བཟོ་སྐྲུན་ཁང་གི་གནས་རྙིང་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་འགྲེམས་སྟོན” 2025ལོའི་ཟླ་11ཚེས་4ཉིན་ནས་2026ལོའི་ཟླ་2ཚེས་8ཉིན་བར་གནའ་བོའི་ཕོ་བྲང་གི་ཡུང་ཧྲོའུ་ཕོ་བྲང་གི་འགྲེམས་ཁང་དུ་གཉེར་ཏེ་རིན་མི་དགོས་པར་སྤྱི་དམངས་ལ་སྒོ་མོ་འབྱེད་རྒྱུ་རེད། འགྲེམས་སྟོན་དེས་2020ལོ་ཚུན་གྱི་གནའ་བོའི་ཕོ་བྲང་བཟོ་སྐྲུན་ཁང་གི་གནས་རྙིང་དུ་དུས་ཡུན་ལོ་ལྔའི་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པའི་གྲུབ་འབྲས་གཙོ་བོར་བཟུང་ནས“ཙི་ཅིན་ཕོ་བྲང་གི་ལོ་རྒྱུས་དེབ་ཐེར”དང“ཙི་ཅིན་ཕོ་བྲང་གི་ལག་ཤེས་བཟོ་རྩལ་ལྟེ་གནས”ཚན་པ་གཉིས་སུ་དབྱེ་ཡོད་པ་རེད།
འདི་ནི་བཤམས་སྟོན་བྱས་པའི་གནའ་བོའི་ཕོ་བྲང་གི་བཟོ་སྐྲུན་ཁང་གི་གནས་རྙིང་ནས་ཐོན་པའི་གཡང་ཊི་སྔོན་པོའི་ཆག་ཧྲུག་དང་གནའ་བོའི་ཕོ་བྲང་དུ་ཉར་ཚགས་བྱས་པའི་ཆིང་རྒྱལ་རབས་ཀྱི་གཡང་ཊིའི་བུམ་པ་ཡིན་པ།
འབྲེལ་ཡོད་གསར་འགྱུར།