དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ཚོགས་པ་ཀུང་སིས“བཅུ་གཅིག་ཟུང”གི་དྲ་ཐོག་ཉོ་སྒྲུབ་མང་དུས་ཀྱི་མྱུར་སྐྱེལ་སྐྱེལ་འདྲེན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-05

    གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་1ཉིན། མཚོ་བོད་ཚོགས་པ་ཀུང་སིས“བཅུ་གཅིག་ཟུང”གི་དྲ་ཐོག་ཚོང་དོན་ཉོ་སྒྲུབ་མང་དུས་ཀྱི་མྱུར་སྐྱེལ་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་རེད། སྐྱེལ་འདྲེན་ནུས་ཤུགས་འགན་ལེན་བྱ་ཆེད། མཚོ་བོད་ཚོགས་པ་ཀུང་སིས་ཆེད་དོན་སྐྱེལ་འདྲེན་ཇུས་གཞི་སྔ་སྣུར་ནས་བཟོས་ཏེ་ཤུགས་འགྲེམས་མེ་འཁོར་ཚོགས་ཆུང་དང་སྤྱིར་བཏང་མེ་འཁོར་གྱི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ཡོད། ཉིན་རེར་ཟི་ལིང་ནས་པེ་ཅིང་དང་། ཧྲང་ཧའེ། ཝུའུ་ཧན། ཐའེ་ཡོན་སོགས་སུ་བསྐྱོད་མཁན་འགྲུལ་སྐྱེལ་ཤུགས་འགྲེམས་མེ་འཁོར་གཏོང་ཐེངས་30ལ་མྱུར་སྐྱེལ་སྐྱེལ་འདྲེན་འཁོར་སྒམ་བསྒར་བ་དང་དེ་བཞིན་བོད་དུ་སྐྱོད་མཁན་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་3ལ་རྡོག་ཁྲེས་མེ་འཁོར་སྒྲིག་སྦྱོར་བྱས་ཏེ། དྲ་ཐོག་ཚོང་དོན་གྱི་ཐུམ་སྒྲིལ་གང་མགྱོགས་སྐྱེལ་བར་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་བྱེད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཚོགས་པ་ཀུང་སིས་ཀྲུང་གོ་ལྕགས་ལམ་མྱུར་སྐྱེལ་སྐྱེལ་འདྲེན་མཚོ་བོད་ཡན་ལག་ཀུང་སི་དང་མཉམ་དུ་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་འབོར་གྲངས་ཉུང་བ་དང་། མྱུར་ཚད་མགྱོགས་པ། ཟུར་སྣོན་རིན་ཐང་ཆེ་བ་བཅས་ཀྱི་ཁྲོམ་རའི་དགོས་མཁོར་ཁ་གཏད་ཧུར་ཐག་བཅག་ནས། ལྕགས་ལམ་དྲ་གྲུབ་འཁོར་སྐྱོད་དང་། བདེ་འཇགས་བརྟན་པོ། མགྱོགས་མྱུར་ནུས་ཆེ་བཅས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེལ་འདྲེན་ནུས་པ་བཀོད་སྒྲིག་དང་ཞབས་ཞུའི་བྱ་ཐབས་ལེགས་སུ་བཏང་ཡོད། དུས་ཐུང་ནང་མྱུར་སྐྱེལ་འབོར་གྲངས་མང་པོ་ཞིག་བོད་དུ་གཅིག་སྡུད་སྐྱེལ་དགོས་པའི་གནས་ཚུལ་ལ་དམིགས་ནས། ལྕགས་ལམ་སྡེ་ཚན་གྱིས་ད་དུང་བོད་དུ་སྐྱོད་པའི་གྲོང་འབྲེལ་དུས་གཏན་འགྲུལ་སྐྱེལ་མེ་འཁོར་གྱི་སྐྱེལ་འདྲེན་བྱེད་ཚད་མཐོ་བ་དང་འབྱོར་དུས་གཏན་འཁེལ་གྱི་ལེགས་ཆ་བཏོན་ཏེ“མཐའ་མའི་འགག་གནད”ཀྱི་ལེན་པ་དང་། སྐྱེལ་བ། འབྱོར་བ་བཅས་ཀྱི་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ནས་བོད་ཀྱི་དྲ་ཐོག་ཚོང་དོན་ཟོག་འགྲེམས་ཀྱི་ལས་ཕྱོད་དེ་བས་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།