དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མལ་གྲོ་གུང་དཀར་རྫོང་གིས་མང་ཚོགས་ཀྱི་བདེ་ཐང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-05

    ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་སྐོང་བ་དང་དབུལ་ལོག་དབུལ་འགྱུར་ལ་འགོག་ཟོན་བྱེད་པ་དེ་དམངས་འཚོའི་ལྟེ་བའི་ལས་དོན་ལ་བརྩིས་ནས་སྲིད་ཇུས་གསར་བཟོར་དམ་འཛིན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་རོགས་རེས་འགན་བཅོལ་སྲིད་ཇུས་བཏོན་ནས“གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ། རོགས་རེས་འགན་བཅོལ་བཅས་ཟུང་འབྲེལ”གྱི་འགན་སྲུང་བཞིའི་མ་ལག་བཏོད་པས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་ཆེས་ཆེར་ཕྱིན་ཡོད།

    མ་ལག་གི་ལྟེ་བའི་གསར་གཏོད་ལྷུ་ཚིགས་ཡིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་རོགས་རེས་འགན་བཅོལ་2022ལོ་ནས་ལག་ལེན་བསྟར་ཚུན། མང་ཚོགས་ཀྱི་ཉམས་ལེན་ལེགས་སུ་གཏོང་རྒྱུ་སྟོན་ཕྱོགས་སུ་བྱས་ནས་བྱ་ཐབས་གཉིས་ལ་བརྟེན་ནས་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ་རེད། ཕྱོགས་གཅིག་ནས་རྫོང་དེའི་མི་སྤྱི་ཅུས་ཀྱིས་འབྲེལ་ཡོད་འགན་བཅོལ་ཀུང་སི་དང་མཉམ་ལས་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་འགན་བཅོལ་ཞབས་ཞུའི་ཚོམས་ཆེན་དུ་ཆེད་བསྐོས་ལས་དོན་པ་བཅའ་སྡོད་བྱེད་པར་མངགས་པས་རོགས་རེས་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ“ཚོམས་ཆེན་གཅིག་ཏུ་གཉེར་ཐུབ་པ་དང་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུ་ཐུབ་ནས”མང་ཚོགས“ཕར་རྒྱུག་ཚུར་རྒྱུག་དང་སྐར་ཁུང་མང་པོའི་མདུན་དུ་བང་སྒྲིག་དགོས་པའི”གནད་དོན་རྦད་དེ་ཐག་གཅོད་ཐུབ་སྟེ་དུས་ཚོད་གྲོན་ཆུང་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ད་ཡོད་ཀྱི་སྨན་བཅོས་འགན་བཅོལ་གྱི་བསྡོམས་རྩིས་མ་ལག་ལེགས་སུ་བཏང་བས། རྩིས་ཞུའི་གྲངས་གཞི་རང་འགུལ་ངང་ཞིབ་བསྡུར་ཐུབ་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱི་ཆ་འཕྲིན་དུས་ཐོག་ཏུ་སྤྱོད་ཐུབ་པ། མང་ཚོགས་ཀྱིས་གུན་གསབ་རེ་ཞུ་འབུལ་སྐབས་ཤོག་ཐོག་དཔྱད་གཞི་དང“ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་མ་ཟད་རྩིས་ཐོར་དངུལ་མགྱོགས་པོ་འབྱོར་བའི”ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ནས་གུན་གསབ་འཇལ་བའི་དུས་ཡུན་ཐུང་དུ་ཕྱིན་པ་དང་གཏོང་སྤྲོད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་ཡོད།

    མིག་སྔའི་བར། མལ་གྲོ་གུང་དཀར་རྫོང་གིས་ཆ་རྐྱེན་འཛོམས་པའི་ནད་པ་4997ལ་རོགས་རེས་འགན་བཅོལ་གྱི་གུན་གསབ་འཇལ་བར་ཁྱོན་མ་དངུལ་སྒོར་ཁྲི་1424ཟིན་ནས་སྲིད་ཇུས་ལག་བསྟར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མ་དངུལ་དེ་དག་སྨན་བཅོས་ཀྱི་ཁུར་པོ་ལྕི་བའི་མི་ཚོགས་ལ་གནད་སྨིན་བཏང་བས་གཅོང་ནད་ཕོག་པའི་ནད་པས“འགན་སྲུང་གསུམ”གྱི་རྩིས་ཞུ་བྱས་རྗེས་སྨན་རིན་མང་ཆེ་བ་རང་ཉིད་ཀྱིས་སྤྲོད་དགོས་པའི་དཀའ་གནད་བསལ་བ་དང་། སྨན་རིན་མཐོ་བ་དང་སྨན་རིན་ལ་སེམས་ཁྲལ་ཆེ་བའི་མང་ཚོགས་ཀྱི་དཀའ་ངལ་བསལ་བས་མང་ཚོགས་བློ་བདེ་པོས་སྨན་བཅོས་བྱེད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།