ཧྲན་ཏུང་གིས་མཛེས་སྡུག་ལྡན་པའི་མཚོ་ཁུག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

ཉེ་བའི་ལོ་ཤས་རིང་། མཚོ་རྒྱུད་དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོ་ཧྲན་ཏུང་གིས་མཛེས་སྡུག་ལྡན་པའི་མཚོ་ཁུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། གཙོ་གནད་མཚོ་ཁོངས་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། མཚོ་འགྲམ་དང་ཐག་ཉེ་བའི་མཚོ་ཁོངས་ཀྱི་སྦགས་བཙོག་བཅོས་སྒྲིག་དང་། རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། མཚོ་ངོགས་ཀྱི་ཁོར་ཡུག་བཅོས་སྒྲིག་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་བས། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་མཚོ་ཁུག་ཁག་དྲུག་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་མཛེས་སྡུག་ལྡན་པའི་མཚོ་ཁུག་གི་ཕུལ་བྱུང་དཔེ་མཚོན་དུ་བདམས་པ་རེད།
འདི་ནི་ཉེ་དུས་པར་བརྒྱབ་པའི་ཧྲན་ཏུང་རི་ཀྲའོ་ཀྲང་མཚོ་ཁུག་བྱང་མའི་ཉི་འོད་མཚོ་འགྲམ་གྱི་ཤར་བགྲོད་ལམ་བུ་དང་མཚོ་ཁུག་གི་ཡུལ་ལྗོངས་ཡིན་པ།
འབྲེལ་ཡོད་གསར་འགྱུར།