དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལ་ལྷོའི་ཆུ་བེད་ལྟེ་གནས་དང་ལེ་ལག་ཆུ་འདྲེན་ཁུལ་གྱི་ལས་གྲྭ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-04

    ཉེ་ཆར། བོད་ལྗོངས་ལ་ལྷོའི་ཆུ་བེད་ལྟེ་གནས་དང་ལེ་ལག་ཆུ་འདྲེན་ཁུལ་གྱི་ལས་གྲྭ་དེ་ཆུ་བེད་པུས་གཙོ་སྐྱོང་བྱས་པའི་ལས་མཇུག་འགྲིལ་བའི་ལས་གྲྭའི་ཞིབ་བཤེར་རྩིས་ལེན་ཐུབ་པ་དེ་ཐོག་ནས་ལས་གྲྭ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་མཚོན་ཡོད།

    ལ་ལྷོའི་ཆུ་བེད་ལྟེ་གནས་དང་ལེ་ལག་ཆུ་འདྲེན་ཁུལ་གྱི་ལས་གྲྭ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་གྲོན་ཆུང་དང་མཁོ་སྤྲོད་ཀྱི་རྣམ་གྲངས་གལ་ཆེན་172ཀྱི་གྲས་ཤིག་ཡིན་པ་དེར། ཁྱོན་མ་དངུལ་སྒོར་དུང་ཕྱུར་49.532བཏང་བ་དང་། ཆུ་འདྲེན་གཙོ་བོར་བྱས་ནས་ཆུ་མཁོ་འདོན་དང་། གློག་གཏོང་། འབྲུབ་འགོག་བཅས་གཅིག་ལྕོགས་ཐུབ་པ་མ་ཟད། ཁུལ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། ཆུ་མཛོད་ལ་ཆུ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.965ཟིན་པ་དང་། གློག་ཁང་གི་གློག་འདོན་འཕྲུལ་འཁོར་གྱི་གློག་གཏོང་ཚད་ཀྲའོ་ཝ་42ཟིན་ལ། ཆུ་འདྲེན་གྱི་རྒྱ་ཁྱོན་མུའུ་ཁྲི་45.39ཇུས་འགོད་བྱས་ཡོད།

    2021ལོར་ཚོད་ལྟའི་འཁོར་རྒྱུག་བྱས་ཚུན། ལ་ལྷོའི་ཆུ་བེད་ལྟེ་གནས་དང་ལེ་ལག་ཆུ་འདྲེན་ཁུལ་གྱི་ལས་གྲྭས་ལས་གྲྭའི་རྐང་འཛིན་ནུས་པ་བཏོན་ཏེ། རིམ་རྩིས་བརྒྱབ་ན། ཆུ་འདྲེན་ཁུལ་ཆེན་པོ་བཞི་དང་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་རིག་གནས་བསམ་བཀོད་གླིང་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5.3མཁོ་འདོན་བྱས་པ་དང་། ལོ་ལྟར་རྨོ་ཞིང་མུའུ་ཁྲི་21.09ལ་ཆུ་བཏང་བ། ཆུ་འདྲེན་ཁུལ་གྱི་ནགས་བཟོ་གསོན་ཚད་ཆུ་མ་བཏང་གོང་གི་65%ནས་85%ཡན་བར་མཐོ་རུ་ཕྱིན་པ་མ་ཟད། ཆུ་བོའི་སྨད་རྒྱུད་ཀྱི་ཤང་དང་གྲོང་རྡལ་གལ་ཆེན་གྱི་འབྲུབ་འགོག་གི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། ལས་གྲྭ་དེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ལ་ལྷོའི་གློག་ཁང་ནི་2020ལོའི་ཟླ་12པའི་ཟླ་མཇུག་ཏུ་གློག་དྲ་སྦྲེལ་ནས་གློག་གཏོང་འགོ་ཚུགས་ཤིང་། 2025ལོའི་ཟླ་9པའི་ཟླ་མཇུག་བར་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4.57ཟིན་པ་དང་། བོད་དབུས་གློག་དྲར་ནུས་རྒྱུ་གཙང་མའི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་4.27བཏང་ནས་བོད་དབུས་གློག་དྲའི་འདེགས་སྐྱོར་གློག་ཁུངས་གལ་ཆེན་དུ་གྱུར་ཡོད།

    ལ་ལྷོའི་ཆུ་བེད་ལྟེ་གནས་དང་ལེ་ལག་ཆུ་འདྲེན་ཁུལ་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་ཅིང་། ལས་གྲྭ་དེ་ནི་རྒྱལ་སྤྱིའི་བློ་འདྲིའི་བཟོ་བཀོད་པའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྲད་པའི་ཧྥེ་ཏེ་ཁེ་ལས་གྲྭའི་རྣམ་གྲངས་ཀྱི་ཕུལ་བྱུང་བྱ་དགའ་ཐོག་མ་ཐོབ་པའི་བོད་ཀྱི་ཆུ་བེད་ཆུ་གློག་ལས་གྲྭའི་རྣམ་གྲངས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།