དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་6%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲུའུ་ཅུན། ཡུས་ཅིང་ཞན།   |     སྤེལ་དུས།  2025-11-04

    ཟླ་10ཚེས་27ཉིན་ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་གྱི་བཀོད་གཏོང་ལས་མངོན་པར་གཞིགས་ན། རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་བརྒྱད་དང་ཕྱེད་ཀ་བསྡུས་ཟིན་པ་དང་། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་ནས་བལྟས་ཚེ་ད་ལོ་སླར་ཡང་ལོ་ལེགས་ཡོང་རེ་ཡོད།

    ད་ལོ་རང་རྒྱལ་གྱི་དབྱར་འབྲུར་ལོ་ལེགས་བྱུང་ནས་ཐོན་འབབ་རྒྱ་མ་དུང་ཕྱུར་2994.8ཟིན་ཡོད། དབྱར་ཁའི་པད་ཁའི་རྒྱ་ཁྱོན་དང་། མུའུ་རེའི་ཐོན་འབབ། སྤྱིའི་ཐོན་འབབ་བཅས“གསུམ་འཕར”མངོན་འགྱུར་བྱུང་ཡོད། སྔ་སྨིན་འབྲས་ཐོན་འཕར་བྱུང་ནས་ཐོན་འབབ་རྒྱ་མ་དུང་ཕྱུར་570.3ཟིན་པ་དེ་ལོ་གོང་མ་ལས་རྒྱ་མ་དུང་ཕྱུར་6.8འཕར་ནས་1.2%འཕར་ཡོད།

    སྟོན་འབྲུའི་ཐོན་སྐྱེད་བྱེད་ཚུལ་ལ་བལྟས་ཚེ། འདེབས་ཁྱོན་ཆེ་རུ་ཕྱིན་པ་དང་ལྷག་པར་དུ་ཐོན་མཐོའི་མ་རྨོས་ལོ་ཏོག་གི་འདེབས་ཁྱོན་ཅུང་འཕར་ཞིང་། སྲན་ཆེན་གྱི་སྣུམ་རྒྱུའི་འདེབས་ཁྱོན་ཆེ་རུ་གཏོང་བའི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་ནས་སྔོན་དཔག་ལྟར་ན་སྲན་ཆེན་གྱི་རྒྱ་ཁྱོན་ལོ་4བསྟུད་མར་མུའུ་དུང་ཕྱུར་1.5ཡན་རྒྱུན་འཁྱོངས་ཐུབ་སྟེ་ཐོན་འབབ་ཏུན་ཁྲི་2000ཡན་རྒྱུན་འཁྱོངས་ཐུབ་ཡོད།

    “ཤ་ཚལ་སྒོང་གསུམ”ཐོན་རྫས་ཀྱི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་ཅིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་ཕག་ཤ་དང་། ཚགས་ཤ ལུག་ཤ བྱ་ཤ་བཅས་ཀྱི་ཐོན་ཚད་ཏུན་ཁྲི་7312ཟིན་པ་དེ་དུས་མཚུངས་ལས་3.8%འཕར་བ་དང་། འོ་མ་ཐོན་ཚད་ཏུན་ཁྲི་2921ཟིན་པ་དེ་དུས་མཚུངས་ལས་0.7%འཕར་བ། སྒོ་ང་ཐོན་ཚད་ཏུན་ཁྲི་2646ཟིན་པ་དེ་དུས་མཚུངས་ལས་0.2%འཕར་ཡོད།

    སྔོ་ཚལ་དང་། ཤིང་ཏོག ཆུ་ཐོན་ཐོན་རྫས་བཅས་ཀྱི་མཁོ་སྤྲོད་འདང་ངེས་ཡོད་ལ་སྣ་ཁ་ཕུན་སུམ་ཚོགས་པ་མ་ཟད། རིན་གོང་ཡང་སྤྱིར་ན་བརྟན་པོ་ཡོད། ལྗང་མདོག་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་རྒྱུན་མཐུད་འཕར་ཏེ་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འཆར་ཅན་ལྟ་སྐུལ་ཚད་ལོན་ཚད་97.6%ཟིན་པ་དང་། ལྗང་མདོག་དང་། སྐྱེ་ལྡན། གྲགས་ཅན། ཁྱད་ལྡན། སྤུས་ལེགས། གསར་པ། ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས་རིམ་རྩིས་བརྒྱབ་ན་ཁས་ལེན་དཔང་འདོན་གྱི་ཐོ་འགོད་བསྡོམས་འབོར་ཁྲི་8.7ལས་བརྒལ་ཡོད།

    ཞིང་པའི་ཡོང་འབབ་དང་འཛད་སྤྱོད་རྒྱུན་མཐུད་འཕར་ནས་གྲོང་གསེབ་ཀྱི་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་ནུས་ལྡན་ཐུབ་ཅིང་། བསྡོམས་རྩིས་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་17686ཟིན་པ་དེ་ལོ་གོང་མ་ལས་6%དངོས་སུ་འཕར་བ་དང་། མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར་14597ཟིན་ནས་5.8%དངོས་སུ་འཕར་ཡོད།

    ཞིང་ལས་ཀྱི་མ་འཇོག་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། ཐོན་ལས་དང་པོའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་7344བཏང་བ་དེ་དུས་མཚུངས་ལས་4.6%འཕར་བ་དང་། དེ་རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་བའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་5.1གིས་མཐོ་བ་ཡོད། གཞན་ཡང་། ཞིང་ལས་ཐོན་རྫས་ཀྱི་ཚོང་དོན་ལྡོག་ཁྱད་རྒྱུན་མཐུད་ཆུང་དུ་ཕྱིན་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ལས་ཐོན་རྫས་ཀྱི་ཚོང་དོན་གྲངས་འབོར་ཨ་སྒོར་དུང་ཕྱུར་2300.6ཟིན་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་ཆེ་རུ་ཕྱིན་ཞིང་། ཟླ་བ་9པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་དབྱེ་འབྱེད་རོགས་སྐྱོར་བྱེད་ཚད་ཁྲི་700ལས་བརྒལ་ནས་དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཉེན་ཁ་བརྟན་པོའི་ངང་བསལ་བ་དང་དེ་བྱིངས་ལ་དམིགས་སའི་རང་བཞིན་ལྡན་པའི་རོགས་སྐྱོར་བྱ་ཐབས་ཚང་མ་དོན་འཁྱོལ་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་མཐའ་ཚད་བརྟན་པོར་བསྲུངས་ཡོད།

     དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་22ཀྱིས་རིགས་དབྱེ་ནས་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཇུས་གཞི་བཟོས་པ་དང་། “ཐོན་ལས་རེར་ཐབས་ཇུས་རེའི”ཐོག་ནས་རོགས་སྐྱོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། དབུལ་ལོག་སྔོན་འགོག་གི་ལས་ཞུགས་འགག་སྒྲོལ་བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། ཟླ་9པའི་ཟླ་མཇུག་བར། དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་མི་གྲངས་ཁྲི་3300ལས་བརྒལ་ནས། ལོ་འཁོར་གྱི་དམིགས་ཚད་ལེགས་གྲུབ་ཚད་བརྒལ་བྱུང་ཡོད།

    གྲོང་གསེབ་ཀྱི་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་སྐུལ་མ་གང་ལེགས་ཐེབས་ཤིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། གྲོང་གསེབ་ཀྱི་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། གཞི་ཁྱོན་ཡན་གྱི་ཞིང་ཞོར་བཟའ་བཅའི་ལས་སྣོན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་6.7%འཕར་བ་དང་། ཞིང་ལས་ཐོན་རྫས་ཀྱི་དྲ་རྒྱའི་སིལ་ཚོང་གྲངས་འབོར་ཅུང་འཕར་མགྱོགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

    གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་སྐུལ་མ་ཏན་ཏིག་ཐེབས་ཤིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། གྲོང་གསེབ་འཛུགས་སྐྲུན་ཀྱི་རྣམ་གྲངས་མཛོད་དུ་རྣམ་གྲངས་ཁྲི་32.4གསར་དུ་བཅུག་པ་དང་། མ་དངུལ་སྒོར་དུང་ཕྱུར་1623.9དོན་འཁྱོལ་བྱས་ཏེ། གྲོང་གསེབ་ཀྱི་འགྲོ་ལམ་དང་། ཆུ་དང་གློག་མཁོ་འདོན་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།

    གྲོང་གསེབ་ཀྱི་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ཞིང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་དུས་ཚོད་ཐིམ་རྗེས་སླར་ཡང་ལོ་30རིང་དུ་གཏོང་བའི་ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་ལས་དོན་བརྟན་པོ་སྤེལ་བ་དང་། གྲོང་གསེབ་ཀྱི་ས་ཁང་ཚད་ལྡན་དོ་དམ་དང་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་ལ་སྐུལ་འདེད་བརྟན་པོ་བཏང་བ་རེད། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་བརྟན་པོའི་ངང་སྟོབས་ཆེར་ཕྱིན་ནས། ཞིང་པའི་མཉམ་ལས་ཁང་ཁྲི་200ལྷག་ཙམ་དང་ཁྱིམ་ཚང་ཞིང་ར་ཁྲི་400ཙམ་སྐྱེད་སྲིང་བྱས་པ་དང་། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་བས། གཉེར་སྐྱོང་རང་བཞིན་གྱི་བྱེད་པོ་ཁྲི་110ལྷག་ཙམ་གྱིས་ལོར་ཞབས་འདེགས་ཞུ་བའི་རྒྱ་ཁྱོན་མུའུ་དུང་ཕྱུར་22.9ལས་བརྒལ་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།