དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་དུས་ཚིགས་གསུམ་པའི་དུས་མཇུག་བར།

    རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་དུས་མཚུངས་ལས་17.5%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-04

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དགུ་པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་37.2ཟིན་པ་དེ་དུས་མཚུངས་ལས་17.5%འཕར་ཡོད། དེའི་ཁྲོད་ཉི་ནུས་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་11.3ཟིན་པ་དེ་དུས་མཚུངས་ལས་45.7%འཕར་བ་དང་། རླུང་གློག་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་5.8ཟིན་པ་དེ་དུས་མཚུངས་ལས་21.3%འཕར་ཡོད།

    དུས་ཚིགས་དང་པོ་ནས་དུས་ཚིགས་གསུམ་པའི་བར། རྒྱལ་ཡོངས་སུ་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་36673གསར་དུ་འཕར་བའི་ཁྲོད། ཉི་གློག་གཏོང་ཚད་ཆན་ཝ་ཁྲི་24027གསར་དུ་འཕར་བ་དང་། རླུང་གློག་གཏོང་ཚད་ཆན་ཝ་ཁྲི་6109གསར་དུ་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།