དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི“ཅང་སུའུ་རིམ་འདས་འགྲན་བསྡུར”གྱི་མཐའ་བསྡུར་ནང་ཐའེ་ཀྲོའུ་རུ་ཁག་གིས་ཨང་དང་པོ་བླངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-04

    ཟླ་11ཚེས་1ཉིན་གྱི་དགོང་མོར། 2025ལོའི་ཅང་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་མཐའ་བསྡུར་ནན་ཅིང་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་གཉེར་ཞིང་། ཐའེ་ཀྲོའུ་རུ་ཁག་གིས་4:3གྱི་གྲུབ་འབྲས་ཐོག་ནས་ནན་ཐུང་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད།

    མཚན་མོའི་ལུས་རྩལ་ཐང་ནས་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་བཀྲག་མདངས་རབ་ཏུ་འཚེར། ཆུ་ཚོད་19དང་སྐར་མ་35ལ་མཐའ་བསྡུར་དངོས་སུ་བྱེད་འགོ་ཚུགས་པ་དང་། སྐར་མ་90ཡི་འཆར་ཅན་དུས་ཚད་ནང་འགྲན་བསྡུར་དྲག་པོ་བྱས་ཀྱང་རྒྱལ་ཕམ་དབྱེ་འབྱེད་མ་ཐུབ་པས། མཐར་དྷ་སི་ཀ་ཊམ་འགྲན་བསྡུར་བྱས་པར། ཐའེ་ཀྲོའུ་རུ་ཁག་གིས་4:3གྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་རེད།

    ས་གནས་ས་ཐོག་ཏུ་དཔུང་ཁག་ཡག་ཤོས་ཁྱབ་བསྒྲགས་བྱས་པ་མ་ཟད། རྩལ་ཁྲིད་པ་ཡག་ཤོས་དང་། སྒོ་སྲུང་བ་ཡག་ཤོས། སྤོ་ལོ་བླུག་མཁན་ཡག་ཤོས། སྤོ་ལོ་བ་ཡག་ཤོས་སོགས་ཀྱི་བྱ་དགའ་ཡང་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།