དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རྩལ་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-04

    ཉེ་ཆར་2025ལོའི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རྩལ་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཧུའུ་ནན་ཁྲང་ཧྲ་རུ་སྤེལ་འགོ་ཚུགས་པ་རེད། བྱེད་སྒོའི་ཐོག“ཚན་རྩལ་གྱིས་ལྗང་མདོག་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་དེའི་དམིགས་ཡུལ་ནི་ཚན་རྩལ་གསར་གཏོད་དང་། ཤེས་ལྡན་པ་སྐྱེད་སྲིང་། ཐོན་ལས་མཉམ་ལས་ཁྱབ་ཁོངས་བཅས་སུ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁས་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཧུའུ་ནན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཀྲུང་གོ་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་ལྟེ་གནས་སོགས་ཚན་པས་མཉམ་འབྲེལ་ཐོག་གཉེར་འགན་འཁུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།