དིང་རི་རྫོང་དུ་ས་ཡོམ་རིམ་པ་4.4བརྒྱབ་འདུག
ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་བ་11པའི་ཚེས་4ཉིན་གྱི་ཆུ་ཚོད་4དང་སྐར་མ་57ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་4.4བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10དང་། ས་ཡོམ་རྒྱག་སའི་ལྟེ་བ་ནི་བྱང་གི་འཕྲེད་ཐིག་ཏུའུ་28.43དང་ཤར་གྱི་གཞུང་ཐིག་ཏུའུ་87.40དུ་ཡིན་པ་རེད།

འབྲེལ་ཡོད་གསར་འགྱུར།