ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ཤེས་བྱའི་བདག་དབང་གཏའ་འཇོག་གི་དངུལ་བུན་དང་པོ་བཏང་བ།
ཉེ་ཆར། ཀྲུང་གོ་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་མཁར་རྔ་གདོང་ཤར་ལམ་ཉིང་ལག་དངུལ་ཁང་གིས་ལྗོངས་ནང་ཁུལ་གྱི་ཁེ་ལས་ཤིག་ལ་ལྷ་ས་ཡན་ལག་དངུལ་ཁང་གི་ཤེས་བྱའི་བདག་དབང་གཏའ་འཇོག་གི་དངུལ་བུན་དང་པོ་བདེ་བླག་ངང་བཏང་བར་དངུལ་གྲངས་སྒོར་ཁྲི་530ཟིན་ཡོད་པ་རེད།
དངུལ་བུན་དེ་རག་པའི་ཁེ་ལས་དེ་ནི་བོད་ལྗོངས་ཀྱི“ཆེད་ཞིབ་ཁྱད་གསར་བཞིའི”མཐོ་གསར་ལག་རྩལ་ལྡན་པའི་ཁེ་ལས་ཤིག་ཡིན་པའི་ངོས་ནས་དྲ་རྒྱའི་ལག་རྩལ་ཞབས་ཞུ་དང་། མཉེན་ཆས་གསར་སྤེལ། ཆ་འཕྲིན་མ་ལག་འདུས་གྲུབ། ཟོག་སྦྲེལ་དྲ་རྒྱའི་ལག་རྩལ་སོགས་ཀྱི་ལས་སྒོ་གཉེར་གྱི་ཡོད། དངུལ་བུན་དེར་ཁེ་ལས་ཆུང་གྲས་ཀྱི་སྟབས་བདེ་མྱུར་གཡར་གྱི་དངུལ་བུན་གཏོང་སྟངས་སྤྱད་དེ་ཁེ་ལས་ལ་ལྡན་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་དང་དེ་བཞིན་བེད་ཆོད་དཔེ་གསར་ཅན་གྱི་ཁེ་བེད་བདག་ཐོབ་མང་པོ་ཞིག་གཏའ་མར་བཞག་ཡོད་པས། ཤེས་བྱའི་བདག་དབང་དེ་རྒྱུ་ནོར་ལ་གཞན་སྒྱུར་ཐུབ་ནས་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་ཐབས་ལམ་གསར་པ་ཞིག་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།