དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས།   |     སྤེལ་དུས།  2025-11-03

    ཏང་འཛུགས་སྐྱོང་སྟོབས་ཆེར་སོང་ཚེ་གཞི་ནས་འཕེལ་རྒྱས་སྟོབས་ཆེར་འགྲོ་ཐུབ། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྩ་འཛུགས་མ་ལག་གི་ཁྱབ་རྒྱ་ནུས་ལྡན་ངང་རྒྱ་ཆེར་གཏོང་བ། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། ཞབས་ཞུ་དང་བཅོས་སྐྱོང་ཕྱོགས་གཉིས་ཡར་སྐུལ་དང་འཁོར་སྐྱོད་བཟང་པོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་གསོན་ཤུགས་གསར་པ་བསྣན་ཡོད། མིག་སྔར། བསམ་གྲུབ་རྩེ་ཆུས་ཀྱི“ཡོད་པ་གསུམ”གྱི་ཚད་གཞིའི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ལ་ཏང་རྩ་འཛུགས་ཁྱབ་ཚད་ཁག་སོ་སོར་100%ཟིན་པ་དང་། ཏང་འཛུགས་སྐྱོང་ཐད“100%གཉིས”མངོན་འགྱུར་བྱུང་བ། “གསར་གཉིས”ཀྱི་ཏང་རྩ་འཛུགས་19དང་ལས་ཐོག་ཏང་ཡོན་86བཅས་ཡོད་པ་རེད།

    བསམ་གྲུབ་རྩེ་ཆུས་ཀྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དམིགས་པ་དང་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། རྩ་འཛུགས་ཀྱི་བཙན་རྫོང་བརྟན་པོ་སྐྲུན་པ་དང་། དོན་དངོས་དང་ཟུང་འབྲེལ་བྱེད་པ། རྩ་འཛུགས་ཀྱི་སྒྲིག་བཀོད་བཟང་སྒྲིག་བྱེད་པ། རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་དུ་གཏོང་བ། གོང་འོག་འབྲེལ་མཐུད་ཀྱི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གསར་གཉིས་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་འགན་ཁ་གསལ་བཟོས་ཏེ། ཆུས་ཐད་གཏོགས་ལས་རིགས་ཚན་པ་བཅུ་དགུ་ཡིས“ཁེ་ལས་གཉིས་དང་གསར་པ་གསུམ”གྱི་ཏང་རྩ་འཛུགས་19ལ་དམིགས་ཏེ“གཅིག་ལ་གཅིག་གཏད”ཀྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་པ་འདེམས་མངགས་དང་ཞབས་ཞུའི་དོ་དམ་ཟབ་ཏུ་བཏང་ནས་ལས་འགན་ཁག་གོ་རིམ་ལྡན་ལ་ནུས་ལྡན་ངང་སྐུལ་འདེད་བཏང་ཡོད།

    བསམ་གྲུབ་རྩེ་ཆུས་ཀྱིས་ཞབས་ཞུ་དོ་དམ་ལ་དམིགས་ནས་རོགས་སྐྱོར་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་སྔོན་རྩིས་འགྲོ་གྲོན་འགན་ལེན་བྱས་ནས། སྔ་རྗེས་སུ“ཁེ་ལས་གཉིས་དང་གསར་པ་གསུམ”གྱི་ཏང་རྩ་འཛུགས་གཉིས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཏང་ཡོན་བྱེད་སྒོའི་འཐབ་ས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས། ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་ཏང་འཛུགས་སྐྱོང་གི་ལས་སྒོའི་རྐང་འཛིན་པ་གསོ་སྦྱོང་བྱས་ཡོད། རྒྱུན་གཏན་གྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་ཁོངས་གཏོགས་ཁུལ་གྱི“ཁེ་ལས་གཉིས་དང་གསར་པ་གསུམ”གྱི་ཏང་རྩ་འཛུགས་བཅུ་དགུར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། ཁེ་ལས་ནང་ཁུལ་ལ་དམིགས་ནས་འགལ་བ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཐག་གཅོད་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཐེངས་30ལྷག་ཙམ་བྱས་ནས། ཐོན་པའི་གནད་དོན་ཚང་མ་ཐག་གཅོད་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ལྟ་བསྡུར་བྱས་ནས་གནད་དོན་ཁག་17གསེད་དཀྲོལ་དང་བཤེར་འདོན་བྱས་ཏེ་མི་དང་འགན་འཁྲི་གཏན་འཁེལ་བྱས་ནས་དུས་བཀག་ལྟར་དག་ཐེར་བྱེད་པར་མཛུབ་ཁྲིད་བྱས་ཡོད། ཞབས་ཞུའི་ཕན་འབྲས་ཆེ་རུ་བཏང་ནས་དཔེ་མཚོན་སྔོག་འདོན་ཁྱབ་གདལ་བཏང་བ་དང་ཆབས་ཅིག་གྲོང་ཁུལ་གྱི་ཏང་དམངས་ཞབས་ཞུའི་ས་ཚིགས་མང་པོར་བརྟེན་ནས་གསར་དར་ཁྱབ་ཁོངས་སུ་ལས་སྒྲུབ་མི་སྣའི་ལས་ཀ་དང་འཚོ་བའི་ཐད་སྟབས་བདེ་བསྐྲུན་ཞིང་། དང་བླངས་ཞབས་ཞུའི་བྱེད་སྒོ་ཁག་གིས་རིམ་རྩིས་བརྒྱབ་ན་གསར་དར་ཁྱབ་ཁོངས་ཀྱི་ལས་སྒྲུབ་མི་སྣ་1000ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།