དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཞབས་ཞུ་སྒོ་རྩར་བསྐྱལ། བདེ་སྐྱིད་ལོངས་སུ་སྤྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཐའོ་རན། ཀྲུང་ཙི་ཀྲེན།   |     སྤེལ་དུས།  2025-11-02

    འདི་ནི་འཛུམ་མདངས་འཕྱུར་བའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཟླ་10ཚེས་16ཉིན། ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་ཞའོ་ཆའོ་ཁྲོམ་གཞུང་འཛུགས་སྐྲུན་སྲང་ལམ་གྱི་སྒོ་ར་ཨང་33པའི་ནང་དུ། ལོ་74ལ་སླེབས་པའི་སུང་ཝུན་ཆིང་གིས་གྲལ་འགྲིག་པོར་བཞག་པའི་རླངས་འཁོར་དང་། གཙང་ཞིང་གཙང་བའི་སྒོ་ར་སོགས་ལ་མཛུབ་མོ་བཙུགས་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན“ཁྱོད་ཀྱིས་ལྟོས་དང་། ད་ཆ་སྒོ་ར་འདི་ཇི་འདྲའི་གཙང་བ་ལ། ལོ་གཉིས་ཀྱི་སྔོན་ལ་འདི་འདྲ་ཁྱོན་ནས་མ་རེད”ཅེས་བཤད།

    ཁོང་གིས་དེ་ག་དང་ཐག་མི་རིང་བའི་རླངས་འཁོར་འཇོག་ས་ཞིག་སྟོན་གྱིན“སྔོན་ཆད་མེ་ཏོག་ལྡུམ་ར་དང་ཐོག་ཁང་གི་ཐོན་སྒོ་སོགས་གང་སར་རླངས་འཁོར་གང་བྱུང་འཇོག་གི་ཡོད། མཚམས་རེར་རླངས་འཁོར་འཇོག་སའི་ཆེད་དུ་ཁ་རྩོད་ཤོར་བ་ཡང་མང་པོ་མཐོང་རྒྱུ་ཡོད”ཅེས་བཤད།

    2023ལོ་ནས་བཟུང་འགྱུར་ལྡོག་བྱུང་བ་སྟེ། ཁྲོམ་གཞུང་དང་སྡེ་ཁུལ་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། སུང་ཝུན་ཆིང་དང་། ལས་འཁྱུར་ངལ་གསོ་བརྒྱབ་པའི་ཏང་ཡོན་རྒན་གྲས་7 སེམས་རྩ་འཁོལ་བའི་གྲོང་མི་ཁ་ཤས་བཅས་ཀྱིས་རང་འགུལ་ངང“འཁོར་རིགས་རང་འདོམས་ཚོགས་ཆུང”བཙུགས་པ་རེད།

    རང་འདོམས་ཚོགས་ཆུང་བཙུགས་རྗེས་ཀྱི་གཟའ་འཁོར་དང་པོར་དུད་ཚང་རེ་རེར་བསྐྱོད་དེ་བསམ་འཆར་བསྡུ་ལེན་བྱས་མཐར། “རིགས་དབྱེ་ཇུས་འདོན་དང་དྲང་པོ་དྲང་གཞག”གི་འཁོར་འཇོག་སྒྲིག་སྲོལ་གཏན་འཁེལ་བྱས་པ་རེད། “བསྡུས་པའི་དངུལ་སྐར་གཅིག་ཀྱང་གང་བྱུང་དུ་གཏོར་མེད། ཚང་མ་སྒོ་རའི་ནང་དུ་བཏང་ཡོད”སུང་ཝུན་ཆིང་གིས་རྩིས་ཁྲའི་ཐོག་ཐོ་གསལ་པོ་བརྒྱབ་ཡོད་པ་སྟེ། རླངས་འཁོར་བཞག་གླས་དེ་སྔའི་གློག་མིག་རྙིང་པ་7བཀོག་ནས་གློག་མིག་གསར་པ་16བསྒར་པས་སྒོ་ར་ཧྲིལ་པོ་ལྟ་སྐུལ་ཚོད་འཛིན་ཐུབ་ཡོད། “སྔོན་ཆད་ཅ་དངོས་བོར་བརླག་ཏུ་སོང་བའམ་ཡང་ན་རླངས་འཁོར་བརྡར་བ་སོགས་ཀྱི་གནས་ཚུལ་ཐོན་ཀྱང་རྩད་ཆོད་དཀའ། ད་ཆ་གློག་མིག་ཡོད་པས་ཚང་མ་གསལ་པོར་མཐོང་ཐུབ། དེར་བརྟེན་ཞུ་གཏུག་རྒྱག་མཁན་ཡང་ཉུང་དུ་ཕྱིན་འདུག”

    གྲོང་མི་ཚོ་དེ་བས་དགའ་བ་སྐྱེས་དགོས་པ་ཞིག་ནི་རང་འདོམས་ཚོགས་ཆུང་དེས་འགྲོ་གྲོན་ལྷག་མ“དམངས་འཚོའི་བདེ་རྩར”བསྒྱུར་པ་དེ་རེད། ན་ནིང་ལོ་མཇུག་ཏུ། དུད་ཚང་ཚང་མར་འོ་མ་སྒམ་རེ་དང་འདི་ལོའི་ཟླ་དྲུག་པར་སླར་ཡང་པད་ཁའི་སྣུམ་འགྱིག་དམ་རེ་སྤྲད་པ་རེད།“ཅ་དངོས་རག་རྗེས་ཁྱིམ་མཚེས་ཚང་མས་རང་འདོམས་ཚོགས་ཆུང་གིས་དངོས་འབྲེལ་བྱ་བ་དངོས་སྒྲུབ་ཀྱི་འདུག་ཅེས་བཤད”

    “བདེ་སྐྱིད་ཞིང”འཛུགས་སྐྲུན་རྣམ་གྲངས་བརྒྱུད་ཞའོ་ཆའོ་ཁྲོམ་གཞུང་གི་སྡེ་ཁུལ་མང་པོར་འདི་ལྟ་བུའི་བདེ་སྐྱིད་ཀྱི་འགྱུར་ལྡོག་འགྲོ་བཞིན་ཡོད།

    “ཕྱི་ལ་དོན་ནས་སྐར་མ་ཁ་ཤས་སོང་ན། ཚལ་ཉོ་ས་དང་། སྨན་ཁང་། སྦྱོང་བརྡར་བྱེད་ས་བཅས་ཡོད་པས། ཧ་ཅང་སྟབས་བདེ་པོ་འདུག”ཅིན་ཡུའེ་སྤྱི་ཤག་ཏུ་སྡོད་པའི་རྨོ་བོ་ལིས་ལགས་རྟག་པར་ཉིན་གུང་རྒན་གསོའི་བདེ་སྐྱིད་ཟ་ཁང་དུ་ལྟོ་ཟ་བར་འགྲོ་གི་ཡོད། “ཟ་ཁང་གི་ཟ་མ་འབོལ་པོ་ཡོད་པས་རྒན་རྒོན་ལ་འཚམ་པོ་འདུག ཟོས་ཚར་རྗེས་འཁྲིས་ཀྱི་སྤྱི་གླིང་དུ་འཆམ་འཆམ་ལ་འགྲོ་ཆོག འཚོ་བ་དངོས་གནས་སྐྱིད་པོ་འདུག”ཅེས་བཤད།

    “ཅིན་ཡུའེ·བདེ་སྐྱིད་ཞིང”ནི་ཞའོ་ཆའོ་ཁྲོམ་གཞུང་གིས་བསྐྲུན་པའི“བདེ་སྐྱིད་ཞིང”36གི་གྲས་ཤིག་རེད། དེ་གར་བུ་བཅོལ་ཁང་1དང་། སྨན་བཅོས་སྒྲིག་གཞི་4 ལུས་སྦྱོང་ཁུལ་3 དམངས་ཕན་ཚོང་ལས་དངོས་ཚན་14བཅས་ཡོད། “ངེད་ཁྱོ་ཤུག་གཉིས་མགོ་བོ་ན་བ་སོགས་མི་བདེ་བ་ཏོག་ཙམ་བྱུང་ཡང་ཐག་ཉེ་པོ་ནས་སྨན་ཉོ་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་རྨོ་བོ་ལིས་ལགས་ཀྱིས་དགའ་སྤྲོའི་ངང་བཤད།

    “བདེ་སྐྱིད་ཞིང”གི་དྲོ་སྐྱིད་དེ་དམིགས་བསལ་ཚོགས་སྤྱིར་ཡང་བསྐྱལ་ཡོད་པ་སྟེ། འཛུགས་སྐྲུན་སྲང་ལམ་གྱི་སྒོ་ར་ཨང་20པའི་ནང་མཛེས་བཟོ་ལེགས་གྲུབ་བྱུང་མ་ཐག་པའི“ཨན་ཞང་ཀྲི་ཁྱིམ་མཚེས”ཀྱི་དམངས་ཕན་ཞབས་ཞུའི་ས་ཚིགས་སུ་ལས་དོན་པས་རྨོ་བོ་ཝང་ལགས་ལ་ལག་ཐོགས་ཁ་པར་གྱི་སྔོན་མངགས་ཞབས་ཞུ་སྤྱོད་སྟངས་རེ་རེ་བཞིན་སློབ་བཞིན་ཡོད། “མཚམས་སྦྱོར་ཀུང་སི་མང་པོར་ཕྱིན་རུང་འཚམ་པ་ཞིག་རག་མ་བྱུང”ཞེས་རྨོ་བོ་ཝང་ལགས་ཀྱིས་བརྗོད། ཁོང་གིས“ད་ཆ་འདིར་ཡོང་ནས། ལས་དོན་པས་རང་ཉིད་ལ་བྱ་རིམ་ཆུང་ངུའི་ཐོག་ཐོ་འགོད་བྱེད་རོགས་བྱས་པ་མ་ཟད། ད་དུང‘མཉམ་སྤྱོད་ཁྱིམ་ལས་མཁན’ཡང་འོས་སྦྱོར་བྱས་བྱུང་བས། ཁྱིམ་དུ་ཁ་ལག་བཟོ་མཁན་དང་གཙང་སྦྲ་བྱེད་མཁན་སྐད་བཏང་ཡང་འགྲོ་སོང་མཚམས་སྦྱོར་ཀུང་སིས་བཙལ་བ་ལས་ཁེ་བ་མ་ཟད། ད་དུང་བློ་ཡང་བདེ་པོ་འདུག”ཅེས་བརྗོད།

    མཚོ་སྔོན་ལིང་ཅེ་ཚོགས་པའི་ཏུང་ཧྲི་ཀྲང་ཐའོ་ཁྲུན་ཅེ་ཡིས། “ཨན་ཞང་ཀྲི་ཁྱིམ་མཚེས”ལ་ཁྱིམ་ལས་བསྡུ་སྒྲིལ་དང་། ཁྱིམ་ལས་མཁན་མཉམ་སྤྱོད། ཕྲུ་གུ་སྙོར་གསོ་སོགས་ཀྱི་བྱེད་ནུས་བདུན་ལྡན་པས། བྱ་རིམ་ཆུང་ངུ་བརྒྱུད་དྲ་མིན་ཞབས་ཞུ་དྲ་ཐོག་ཏུ་ཁྱབ་གདལ་བཏང་རྗེས། གྲོང་མིས་སྔོན་མངགས་དང་། གཏོང་སྤྲོད། གདེང་འཇོག་བཅས་ཐུབ་ནས“དྲ་ཐོག་ཏུ་མཐེབ་གནོན་གཅིག་གིས་དྲ་མིན་དུ་སྒོ་རྩར་ཞབས་ཞུ་སྒྲུབ་པའི”གདུབ་ཟུམ་མངོན་འགྱུར་བྱུང་སྟེ། ཚང་མས་ཁྱིམ་གྱི་སྒོ་རྩར་སྤུས་ཀ་ལེགས་ཤིང་ཕན་ཐོགས་ཆེ་བའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།

    ལོ་58ལ་སླེབས་པའི་ཨ་ཅག་ཀྲེང་ལགས་ཀྱང་ཕན་པ་ཐོབ་མཁན་དེ་ཚོའི་གྲས་ཤིག་རེད། ཁོང་ཁ་ལག་བཟོ་མཁས་པོ་ཡོད་པས་དེ་སྔོན་ལས་ཀ་བཙལ་ཡང་ལོ་ཚད་ཀྱིས་རྐྱེན་པས་ལས་ཀ་རག་མེད། ཁོང་གིས“ཞབས་ཞུའི་ལྟེ་གནས་སུ་ཐོ་འགོད་བྱས་རྗེས། ‘མཉམ་སྤྱོད་ཁྱིམ་ལས་མཁན’དུ་གྱུར་ནས་རྒན་རྒོན་3ལ་ཁ་ལག་བཟོ་གི་ཡོད། ཟླ་ཕོགས་སྔར་ལས་མང་དུ་ཕྱིན་པ་མ་ཟད། ད་དུང་རང་ཁྱིམ་ལ་ལྟ་རྟོག་ཀྱང་ཐུབ་ཀྱི་འདུག་པས་བློ་ཡིད་ཚིམ་པོ་འདུག”ཅེས་སེམས་འགུལ་ཐེབས་བཞིན་བཤད།

    སྡེ་ཁུལ་རྙིང་པ་རྣམ་པ་གསར་རྐྱང་དུ་གྱུར་ནས། གསར་དར་ཁྱབ་ཁོངས་སུའང“དམར་མདངས་ཀྱི་དྲོ་སྐྱིད”ལྡན། པའོ་ཅེ་ཁྲོམ་གཞུང་གི་རིག་གནས་ཡུལ་སྐོར་ཁྲོམ་ཁུལ་འཁྲུག་པོ་ཆགས་པ་དང་བསྟུན་ནས་མངག་སྐྱེལ་བ་དང་མྱུར་སྐྱེལ་བ་སོགས་ལས་ཞུགས་བྱེད་མཁན་ཟམ་མི་ཆད་པར་མང་དུ་ཕྱིན་ཡོད། “རྒྱུན་དུ་མངགས་ཐོ་སྐྱེལ་བར་བྲེལ་ནས་གཟུགས་པོར་བརྟག་དཔྱད་བྱེད་ཁོམ་གཏན་ནས་མི་འདུག ཏང་ཀྲི་པུས་ང་ཚོ་སེམས་ལ་ཉར་ཡོད་བསམ་མ་བྱུང”ཞེས་བུད་མེད་མངག་སྐྱེལ་བ་ཞའོ་ཀྲང་གིས་རིན་མེད་ཀྱི“སྐྲན་ནད་གཉིས”ཀྱི་བརྟག་དཔྱད་སྐོར་གླེང་སྐབས་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་བརྗོད།

    “‘ལོ་ལྔ་ཚན་བཅུ་བཞི་པའི’རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ‘མང་ཚོགས་ལ་གང་མཁོ་ན་ང་ཚོས་དེ་སྒྲུབ་པའི’ཐོག་མའི་བསམ་འདུན་བཅངས་ཏེ་སྡེ་ཁུལ་རྙིང་པ་རང་སོ་སོས་དོ་དམ་བྱེད་པ་ནས‘བདེ་སྐྱིད་ཞིང’གི་དྲ་རྒྱ་འཛུགས་པའི་བར་དང་། ཡང་དེ་ནས་ལས་ཞུགས་གསར་པའི་ཚོགས་སྤྱི་གཅིག་ཏུ་བསྒྲིལ་ནས་མཉམ་སྐྲུན་བྱེད་པའི་བར་གྱི་གོམ་སྟབས་ཚང་མ‘ཞབས་ཞུ་སྒོ་རྩར་བསྐྱལ། བདེ་སྐྱིད་ལོངས་སུ་སྤྱོད’ཐུབ་པའི་དམིགས་ཚད་ཕྱོགས་སུ་སྤོས་པ་ཡིན”ཞེས་ཞའོ་ཆའོ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་འབྲུག་མོ་སྐྱིད་ཀྱིས་བརྗོད། འབྱུང་འགྱུར་ཁྲོམ་གཞུང་གིས་ད་དུང་གཞི་རིམ་མུ་མཐུད་བཅོས་སྐྱོང་བྱས་ནས་གྲོང་མི་དེ་བས་མང་པོར“ཞའོ་ཆའོ་རུ་སྡོད་པ་དང་ཞའོ་ཆའོ་རུ་སྤྲོ་སྣང་ལྡན་པའི”བདེ་སྐྱིད་ཚོར་བར་བྱ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།