དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-02

    ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་སྔ་དྲོར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་དུས་མཚམས་དང་པོའི་ཚོགས་འདུ་ཧན་གོའི་ཆིང་ཀྲོའུ་ཧོ་པའེ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས《ཀུན་ཕན་བསྟུན་མཁས་ཀྱི་སྒོ་དབྱེའི་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་དུ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་སྔ་དྲོར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་དུས་མཚམས་དང་པོའི་ཚོགས་འདུ་ཧན་གོའི་ཆིང་ཀྲོའུ་ཧོ་པའེ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས《ཀུན་ཕན་བསྟུན་མཁས་ཀྱི་སྒོ་དབྱེའི་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་དུ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

    ཞི་ཅིན་ཕིང་ཚོགས་རར་ཕེབས་སྐབས་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་གིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་30ལྷག་ཙམ་སོང་རིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གོ་ལ་ཧྲིལ་པོའི་སྒོ་དབྱེ་འཕེལ་རྒྱས་ཀྱི་མདུན་གྲལ་དུ་སྐྱོད་པར་སྣེ་ཁྲིད་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འདི་ཉིད་གོ་ལ་ཧྲིལ་པོའི་དཔལ་འབྱོར་གསོན་ཤུགས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་འགྱུར་བར་རམ་འདེགས་བྱས་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ལ་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་པོ་འཕྲད་བཞིན་ཡོད། རླུང་བུ་འཚུབ་ཅིང་རྦ་རླབས་ཇི་ཙམ་འཕྱུར་བ་དེ་ཙམ་གྱིས་ཕྱར་བ་གྲུ་འདེགས་བྱེད་དགོས། ཕྱོགས་ཁག་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་བརྟེན་ནས་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། སྒོ་དབྱེ་དང་འཕེལ་རྒྱས་ཁྲོད་གོ་སྐབས་མཉམ་སྤྱོད་དང་གཉིས་ཕན་ཡོང་བ་མཐའ་འཁྱོངས་བྱས་ཐོག་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་དགོས་ཞེས་བསྟན་གནང་བ་རེད།

    ཞི་ཅིན་ཕིང་གིས་གྲོས་འགོ་ཁག་ལྔ་བཏོན་གནང་བ་སྟེ།

    གཅིག་ནས་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཤིང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་གྱི་དབང་གྲགས་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དུས་བསྟུན་མདུན་སྐྱོད་ཐུབ་པར་སྐུལ་འདེད་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ལུགས་མཐུན་གྱི་ཁེ་དབང་འགན་སྲུང་དེ་བས་ལེགས་པོ་བྱེད་དགོས།

    གཉིས་ནས་སྒོ་དབྱེ་རྣམ་པའི་ས་ཁོངས་དཔལ་འབྱོར་གྱི་ཁོར་ཡུག་མཉམ་དུ་གཏོད་དགོས་ཤིང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ནོར་སྲིད་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བརྟན་པོ་བཏང་ཐོག ཕན་ཚུན་སྦྲེལ་མཐུད་དང་མཉམ་འདྲེས་མཉམ་འཕེལ་ཡོང་བར་སྐུལ་འདེད་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ཆེད་སྟོབས་ཤུགས་དང་ནུས་པ་བསྡུ་རུབ་བྱེད་དགོས།

    གསུམ་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་ཐོགས་མེད་ཡོང་བར་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཤིང་། “ལག་པ་འཐེན་པ”ལས“ལག་པ་མི་གློད་པ”དང་། “འཁོར་འབྲེལ་རིང་དུ་གཏོང་བ”ལས“འཁོར་འབྲེལ་མི་གཅོད་པ”མཐའ་འཁྱོངས་བྱས་ཐོག ཁེ་ཕན་གཅིག་ཏུ་མཐུན་ས་དེ་བས་མང་པོ་ཧུར་ཐག་བཙལ་ནས་མཁོ་སྤྲོད་འཁོར་འབྲེལ་སྒོ་དབྱེ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མཁྲེགས་ཆས་སྦྲེལ་མཐུད་དང་། མཉེན་ཆས་སྦྲེལ་མཐུད། དམངས་སེམས་སྦྲེལ་མཐུད་བཅས་ཀྱི་ལས་དོན་རྒྱུན་ཆད་མེད་པར་ཏན་ཏིག་བསྒྲུབས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།

    བཞི་ནས་ཚོང་དོན་གྲངས་འཛིན་ཅན་དང་ལྗང་མདོག་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཤིང་། གྲངས་འཛིན་ལག་རྩལ་གྱིས་རྒྱལ་སྒྲོལ་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ལྗང་མདོག་བཀག་རྒྱ་སྣ་ཚོགས་གཏོར་ནས་ལྗང་མདོག་ཐོན་ལས་དང་། ནུས་རྒྱུ་གཙང་མ། ལྗང་མདོག་གཏེར་རྫས་བཅས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས།

    ལྔ་ནས་ཀུན་ཕན་བསྟུན་མཁས་ཀྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་སྔར་བས་བསྟུན་མཁས་དང་སྔར་བས་རྒྱུན་མཐུད་ཐུབ་རྒྱུར་སྐུལ་འདེད་བཏང་ནས། ས་ཁུལ་གྱི་མི་དམངས་ཡོངས་ལ་ཕན་པ་སྔར་བས་ཐོབ་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཁག་དབར་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་གི་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་འཆམ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེ་གོ་སྐབས་སུ་བརྩིས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་དབྱེ་རྒྱ་ཆེ་རུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་མཁོ་འདོན་བྱ་རྒྱུ་ཡིན།

    ཚོགས་འདུ་དེ་ནི་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་གིས་གཙོ་སྐྱོང་གནང་ཞིང་། བརྗོད་དོན་གཙོ་བོ་ནི“རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་གཏོད”ཅེས་པ་རེད།

    ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།