ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས“བདེ་སྐྱིད་མཚན་ཁྲོམ”སྐོར་བ།
བོད་ཀྱི་ཡིད་དབང་འཕྲོག་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཉམས་སུ་མྱོང་བ།

འདི་ནི་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་སྦྲ་གུར་གྱི་མདུན་དུ་མཉམ་པར་རྒྱག་པ།
ས་རུབ་པ་དང་ཆབས་ཅིག་གློག་འོད་ཁྲ་ལྷམ་མེར་སྤར་ནས། ཉིང་ཁྲིའི“བདེ་སྐྱིད་མཚན་ཁྲོམ”ཁྲ་ཆིལ་གློག་འོད་ཀྱིས་རབ་ཏུ་བརྒྱན། ཟླ་10ཚེས་29ཉིན་གྱི་དགོང་མོར། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ནང་ཞུགས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམ་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དེང་རབས་འཕེལ་རྒྱས་ཀྱི་གསོན་ཤུགས་མྱོང་ཚོར་བྱས་པ་རེད།
སྦྲ་གུར་ནང་སྤུས་ལེགས་ཀྱི་གངས་ཅན་པའི་རིག་གནས་གསར་གཏོད་ནས་སྤྱོད་སྒོ་ཆེ་བའི་རྫ་ཡུལ་གྱི་ཤིང་ཕོར་བར་དང་། དྲི་ཞིམ་འཐུལ་བའི་རྡོ་ཁོག་བྱ་ཤ་ནས་མངར་བསིལ་རྒྱག་པའི་ཉིང་ཁྲིའི་སྦི་རག་བར་དུ། བོད་ཀྱི་མཚོན་བྱེད་རང་བཞིན་གྱི་ཁྱད་ལྡན་ཐོན་རྫས་རིགས་30གཅིག་སྡུད་ཐོག་བཤམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།
གར་སྟེགས་འཁྲབ་སྟོན་ཁུལ་དུ་མང་ཚོགས་རིག་རྩལ་ཚོགས་པས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་ནས་དུས་རབས་གསར་པའི་བོད་ཀྱི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་པར་བྱས་ཤིང་། འཁྲུག་ཆ་དོད་པའི་ཞབས་བྲོ་རྒྱག་པ་དང་སྙན་འཇེབས་ལྡན་པའི་གླུ་དབྱངས་ལེན་བཞིན་དུ་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོར་དཀར་གཙང་ཁ་བཏགས་གཡོག་སྐབས། རིག་གནས་སྤེལ་རེས་ཀྱི་སྤྲོ་བ་ཆེས་ཆེར་འཕེལ།
བོད་ཆས་ཉམས་ལེན་ཁུལ་ནི་སྐུ་མགྲོན་ཚོས་དགའ་ཤོས་བྱེད་སར་གྱུར་ཞིང་། དེ་གར་ཆེད་ལས་མོ་ཐྲོལ་གྱིས་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྲོལ་རྒྱུན་གྱོན་ཆས་གྱོན་ནས་སྐུ་མགྲོན་ཚོར་ཕུན་སུམ་ཚོགས་པའི་རྒྱན་གོས་ཀྱི་རིག་གནས་ངོམས་སྟོན་བྱས། སྐུ་མགྲོན་ཚོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་བོད་ཆས་གྱོན་ནས་སྲོལ་རྒྱུན་རྒྱན་གོས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ཉམས་སུ་མྱངས་པ་རེད།
མུན་པ་རུབ་པ་དང་ཆབས་ཅིག་མེ་ཕུང་ཁུལ་དེ་སྤྲོ་སྣང་ཆེ་ཤོས་སུ་གྱུར། སྡེ་ཁུལ་རིག་རྩལ་རུ་ཁག་དང་ཐང་ཆེན་སྒོར་གཞས་རུ་ཁག་གི་རུ་མི་50ལྷག་ཙམ་གྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་སྒོར་གཞས་འཁྲབ་འགོ་ཚུགས་པ་རེད།
འབྲེལ་ཡོད་གསར་འགྱུར།