དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་དུས་ཡུན་ལོ་གསུམ་གྱི་གསོ་བཅོས་ཟུང་འབྲེལ་གྱི་ཡར་སྐུལ་བྱ་སྤྱོད་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-10-31

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། སྔར་ལས་ལྷག་པའི་སྒོ་ནས་གསོ་བཅོས་ཟུང་འབྲེལ་གྱི་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་དམངས་སྲིད་པུའུ་སོགས་སྡེ་ཚན་ལྔས་ཟླ་10ཚེས་29ཉིན་བརྡ་ཐོ་བཏང་སྟེ། དུས་ཡུན་ལོ་གསུམ་གྱི་གསོ་བཅོས་ཟུང་འབྲེལ་གྱི་ཡར་སྐུལ་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།

    《གསོ་བཅོས་ཟུང་འབྲེལ་གྱི་ཡར་སྐུལ་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་ནང་2027ལོའི་ལོ་མཇུག་ཏུ་སླེབས་སྐབས། གསོ་བཅོས་ཟུང་འབྲེལ་གྱི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དང་། ཞབས་ཞུའི་མ་ལག་དེ་བས་འཐུས་ཚང་། ཞབས་ཞུ་མཁོ་སྤྲོད་བྱེད་ཚད་མཐོ་རུ་ནུས་ལྡན། ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཅས་བཏང་སྟེ། སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཐོན་ཁུངས་དེ་བས་མཉམ་སྐྲུན་མཉམ་སྤྱོད་ཐུབ་པར་བྱས་ནས། རྒན་རྒོན་གྱི་བདེ་ཐང་རྒན་གསོའི་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐང་རྒྱུ་ཡིན་ཞེས་བཏོན་ཡོད།

    བརྡ་ཐོའི་ནང་ཞབས་ཞུའི་ཐོན་ཁུངས་ཀྱི་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྱིམ་སྡོད་དང་སྡེ་ཁུལ་ཞབས་ཞུ་འཕེལ་རྒྱས་གཏོང་རྒྱུ། ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། ནུས་ཤོར་དང་རིག་པ་མི་གསལ་བའི་རྒན་རྒོན་གྱི་ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་ཕྱོགས་བདུན་ལ་དམིགས་ནས་ཞིབ་ཕྲའི་ལས་འགན་ཁག་25བཏོན་ཡོད།

    བརྡ་ཐོའི་ནང་ད་ཡོད་ཀྱི་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོ་ཞབས་ཞུའི་དྲ་རྒྱར་བརྟེན་ནས་གསོ་བཅོས་ཟུང་འབྲེལ་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་སྤྱི་འདོམས་འཆར་འགོད་དང་མུ་འབྲེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྨན་བཅོས་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་རིམ་པ་གཉིས་པ་དང་དེ་མན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁག་གཅིག་ནད་གསོའི་སྨན་ཁང་དང་བདག་སྐྱོང་སྨན་ཁང་དུ་བསྒྱུར་རྒྱུར་ཁྲིད་སྟོན་དང་དེར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྫོང་དང་ཆུས་རིམ་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་གསོ་བཅོས་ཟུང་འབྲེལ་གྱི་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།

    2027ལོའི་ལོ་མཇུག་ཏུ་སླེབས་སྐབས། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་སྨན་བཅོས་དང་། རྒན་གསོ། ལྟ་སྐྱོང་བཅས་གསུམ་དང་དོ་དམ་གྱི་ཆེད་ལས་བཀོད་སྒྲིག་བྱེད་གནས་30ལས་མི་ཉུང་བ་གསར་སྣོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།