《མེ་རྟ་ལོའི》དམིགས་བསལ་སྦྲག་འཛིན་གྱི་པར་རིས་མ་ཟིན་པེ་ཅིང་དུ་བཏོན་པ།

ཟླ་10ཚེས་29ཉིན། ཀྲུང་གོ་སྦྲག་སྲིད་ཀྱི《མེ་རྟ་ལོའི》དམིགས་བསལ་སྦྲག་འཛིན་གྱི་པར་རིས་མ་ཟིན་ཡོངས་བསྒྲགས་མཛད་སྒོ་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་ལོ་རྟགས་སྦྲག་འཛིན་གྱི་པར་རིས་མ་ཟིན་ནི་ཀྲུང་གོ་སྦྲག་སྲིད་ཀྱི་ལོ་རྟགས་སྦྲག་འཛིན་མ་ཟིན་དམངས་ཡོངས་ལ་ཁ་ཕྱོགས་ནས་འཚོལ་བསྡུ་བྱེད་ཐེངས་དང་པོ་ཡིན་པ་དང་། འཚོལ་བསྡུའི་བྱེད་སྒོའི་ནང་མ་ཟིན་440བསྡུས་པ་རེད། སྦྲག་འཛིན་གྱི་པར་རིས་དང་པོའི་མིང་ལ“འཆར་འགོད་ཆེན་པོར་མཆོང་སྐྱོད”ཟེར་བ་དང་དེས“དུས་རབས་གསར་པར་མཆོང་སྐྱོད་བྱེད་པ”ནང་དོན་གཙོ་བོར་བྱས་ཡོད། སྦྲག་འཛིན་གྱི་པར་རིས་གཉིས་པའི་མིང་ལ“རྟ་ཁྲིའི་སྨོན་འདུན”ཟེར་བ་དང་དེས“རྟ་ཁྲི་ལེ་དབར་སྟོང་གི་སར་མཉམ་རྒྱུག་བྱེད་པ”ནང་དོན་གཙོ་བོར་བྱས་ཡོད། དམིགས་བསལ་གྱི་སྦྲག་འཛིན་ཆ་ཚང་2026ལོའི་ཟླ་1ཚེས་5ཉིན་དངོས་སུ་ཕྱིར་ཚོང་བྱ་རྒྱུ་ཡིན་ཞིང་། འདི་ནི《མེ་རྟ་ལོའི》དམིགས་བསལ་སྦྲག་འཛིན་གྱི་པར་རིས་མ་ཟིན་ཡོངས་བསྒྲགས་མཛད་སྒོའི་ཐོག་འགྲེམས་སྟོན་བྱས་པའི་མ་ཟིན་ཡིན་པ།
འབྲེལ་ཡོད་གསར་འགྱུར།