དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགན་སེམས་བཅངས་ནས་འབད་འབུངས་བྱེད། གཞོན་ནུའི་ལང་ཚོར་བཀྲག་མདངས་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས།   |     སྤེལ་དུས།  2025-10-31

    ཟླ་10ཚེས་29ཉིན། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོས“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དུ་གྲགས་པའི་ཉིང་ཁྲིར་འཛོམས་ཏེ། “དུས་རབས་ཀྱི་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁྲི་འཁུར་བའི”སྐོར་མཉམ་དུ་གླེང་ནས། དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལེའུ་གསར་རྩོམ་པར་མཉམ་དུ་ཇུས་གཞི་བཀོད།

    “ཀྲུང་གོ་དང་ཕྱི་རྒྱལ་སྤེལ་རེས་ཀྱི་མཐོང་ཚོར་ལ་གཞིཌ་ནས། ངས་བོད་ཀྱི་གཞོན་ནུའི་ལུས་ཐོག་ནས་མངོན་པའི་གཞུང་འཁྱོངས་གསར་འབྱེད་ཀྱི་ཁྱད་ཆོས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཁོང་ཚོས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་སྲུང་སྐྱོབ་བྱེད་ཀྱི་ཡོད་ལ། སྒོ་དབྱེའི་རྣམ་པར་བརྟེན་ནས་འཛམ་གླིང་ལ་མཉམ་སྤྱོད་ཀྱང་བྱེད་ཀྱི་ཡོད”ཀྲུང་གོར་བཅའ་སྡོད་ཕ་ན་མའི་གཞུང་ཚབ་ཆེ་མོ་བ་ལེ་མིང་གིས་གླེང་སྟེགས་ཐོག《ལང་ཚོའི་འོད་སྣང་ལ་བརྟེན་ནས་ས་མཐོའི་ལེའུ་གསར་རྩོམ། དུས་རབས་ཀྱི་གཞོན་ནུས་ས་མཐོའི་འབད་འཐབ་བྱེད་པ་དང་འགན་འཁྲི་འཁུར་བའི་སྐོར་གླེང་བ》ཁ་བྱང་དུ་བྱས་པའི་གཏམ་བཤད་སྤེལ་བ་རེད།

    ལེ་མིང་གི་བརྩི་མཐོང་ཆེན་པོ་ནི་དོན་ལ་གནས་ཏེ། ད་ཆ། བོད་ལྗོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་གངས་ལྗོངས་ས་མཐོའི་མི་སེམས་འགུལ་བར་ནུས་པའི་ལང་ཚོའི་གླུ་དབྱངས་བླངས་ཤིང་། ས་བབ་སྨི་4300ཡོད་པའི་ལྷོ་ཁ་གྲོང་ཁྱེར་བྱི་ལི་ཕུག་གྲོང་ཚོར་མིག་དམར་བསམ་གྲུབ་ཀྱིས་ལོ་ངོ་30བརྟན་སྲུང་བྱས་པ་དང་། གཞོན་ནུ་ལས་གཏོད་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་བོད་ཡིག་མཉེན་ཆས་ཞིབ་འཇུག་གསར་སྤེལ་གཏིང་ཟབ་བྱས་པ། ཕུར་བུ་ཚེ་རིང་གིས་ནས་ཚད་ལྡན་ཅན་གྱི་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་པ། བོད་སྐྱོར་ལས་བྱེད་པ་ལུའུ་ལི་ཞུན་གྱིས་དཔལ་མགོན་རྫོང་དུ་གཞིས་ཚུགས་ནས་ལོ་བཅུ་ཉིན་གཅིག་ལྟར་ལས་དོན་བསྒྲུབས་པ་ལ་སོགས་མང་པོ་མཐོང་རྒྱུ་ཡོད།

    “དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་ཚོས་གནོང་འགྱོད་མེད་པའི་གོམ་སྟབས་ལ་བརྟེན་ནས་ལེ་དབར་སྟོང་གི་འཁྱགས་ཐང་འཇལ་བ་དང་། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སྔོ་ལྗང་འབྲོག་ཁུལ་དུ་འོད་སྣང་སྦྱིན་ཞིང་། སྤོབས་སེམས་ཆེན་པོས་འགན་འཁྲི་འཁུར་བའི་རྣམ་འགྱུར་ལ་བརྟེན་ནས་རི་ཆུ་ཁྲི་སྟོང་དང་། སྲོག་ཆགས་དང་རྩྭ་རྩི་ཤིང་ཐམས་ཅད་སྲུང་སྐྱོང་བྱེད་མཁན་ཞིག་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ཁྲོད་ལང་ཚོའི་བྱས་རྗེས་མངོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་སྤོབས་སེམས་ཆེན་པོས་འགན་འཁྲི་འཁུར་ནས་གཞི་རིམ་དུ་འོད་སྣང་སྦྱིན་བཞིན་ཡོད”ཅེས་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་བརྗོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔར་ལྗོངས་ཡོངས་སུ་གཞོན་ནུ་ལོ་ཆུང་ཁྲི་170ལྷག་ཙམ་གྱིས་ཞིང་འབྲོག་ཚན་རྩལ་དང་། གྲོང་གསེབ་དར་རྒྱས། གཞི་རིམ་བཅོས་སྐྱོང་། སྤྱི་ཚོགས་ཞབས་ཞུ། སྨན་བཅོས་འཕྲོད་བསྟེན། རྨང་གཞིའི་སློབ་གསོ་སོགས་ཁྱབ་ཁོངས་ཁག་ཏུ་འབད་བརྩོན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གསར་པར་གྱུར་ཡོད།

    “རང་ཉིད་མཛེས་སྡུག་ལྡན་པའི་འཆར་གཞི་འགོད་མཁན་ཞིག་བྱས་ནས་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་ལས་བྱེད་པ་ཚོ་དང་མཉམ་དུ་དེ་བས་བརྗིད་ཉམས་ལྡན་པའི་འཆར་གཞི་འགོད་འདོད་ཡོད”ཅེས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པའི“ཕུལ་བྱུང་གཞོན་ནུ་ཡག་ཤོས་བཅུའི”བྱ་དགའ་སྤྲོད་པའི་མཛད་སྒོ་སྐབས་དང་པོའི་ཐོག་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པའི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་ལུའུ་ལི་ཞུན་གྱིས་མྱོང་ཚོར་ཟམ་མོས་དེ་ལྟར་བརྗོད། ཡན་ཨན་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལག་ལེན་བསྟར་བའི་བར། ཁོང་གིས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་གཞི་ཚུགས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཕྱོགས་སུ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བའི་དུས་རབས་ཀྱི་དཔེ་རིས་འགོད་བཞིན་མཆིས།

    “ལམ་གཉིས”སྐྲུན་མཁན་གྱི་ལམ་བཟོ་བ་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལག་ལེན་བསྟར་མཁན་གྱི་འཛུགས་སྐྲུན་པའི་བར་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་ལག་ལེན་བསྟར་མཁན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁྲི་འཁུར་མཁན་བར། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྣེ་ཁྲིད་པ་ནས་མཐའ་སྲུང་དང་། མཐའ་སྟོབས། མཐའ་དར་བཅས་ལ་ལེགས་སྐྱེས་འབུལ་མཁན་བར། གཞོན་ནུ་མི་རབས་ནས་མི་རབས་ཀྱིས་མུ་མཐུད་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།