ཧུའུ་ཀེར“བོད་ཀྱི་རྒྱལ་སྤྱིའི་བརྒྱུད་བསྒྲགས་ཕོ་ཉའི”མཚན་སྙན་ཐོབ་པ།
ཚེས་28ཉིན། ཀྲུང་གོའི་འཁྲབ་སྟོན་པ་གྲགས་ཅན་ཧུའུ་ཀེར“བོད་ཀྱི་རྒྱལ་སྤྱིའི་བརྒྱུད་བསྒྲགས་ཕོ་ཉའི”མཚན་སྙན་ཐོབ་པ་རེད།
ཧུའུ་ཀེས་དེ་གར་ཡོད་པའི་གསར་འགོད་པར་ཁོང་དང་བོད་ཀྱི་དམིགས་བསལ་ལས་འབྲེལ་མཉམ་སྤྱོད་བྱས་པ་རེད། ཁོང་གིས་ང་བོད་དུ་ཐེངས་མང་ཡོང་མྱོང་ཡོད། ཡོང་རིམ་བཞིན་བོད་ལ་བརྩེ་བ་དེ་བས་ཟབ་ཏུ་འགྲོ་གི་འདུག་ལ། ཁྱིམ་དུ་ལོག་པ་ལྟར་གྱི་ཚོར་སྣང་ཡོང་གི་འདུག ལས་འགན་གསར་པ་དེ་ལས་འགན་འཁྲི་ཧུར་ཐག་འཁུར་དགོས་པའི་བསམ་ཚུལ་བྱུང་ཞེས་བཤད།
ཧུའུ་ཀེས་འཛམ་གླིང་ཡོངས་ལ། “ངས་འདིར་འཛམ་གླིང་ས་གནས་ཁག་གི་གྲོགས་པོ་ཚོར་ང་ཚོའི་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་པའི་གངས་ལྗོངས་ས་མཐོར་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་པར་ཡོང་རྒྱུའི་གདན་ཞུ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།