ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་མ་དངུལ་སྒོར་དུང་ཕྱུར་9.81བཏང་ནས་ནུས་རྒྱུའི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་20ཉིན་བར། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཁུལ་གྱི་ཡན་ལག་དངུལ་ཁང་གིས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པ་ཁག་4ཡི་མ་དངུལ་སྒོར་དུང་ཕྱུར་9.81བཏང་སྟེ་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ནུས་རྒྱུའི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པ་ནི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་སོགས་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གིས་གྲོས་འགོ་བཏོན་ནས་བཙུགས་པའི་དམིགས་བསལ་གྱི་མ་དངུལ་མཉམ་འདྲེས་ཀྱི་ལག་ཆ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་གྱི་མ་དངུལ་མི་འདང་བའི་ཆ་གསབ་ནས་སྤྱི་ཚོགས་ཀྱིས་མ་དངུལ་གཏོང་བར་འདེགས་སྐྱོར་དང་། ནུས་ལྡན་མ་འཇོག་ཆེ་རུ་གཏོང་བ། དཔལ་འབྱོར་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་རེད། ལག་ཆ་དེའི་གཞི་ཁྱོན་སྒོར་དུང་ཕྱུར་5000ཡིན་པ་དང་། ཚང་མ་རྣམ་གྲངས་ཀྱི་མ་དངུལ་ཁ་གསབ་ལ་བཏང་ནས་ཚན་རྩལ་གསར་གཏོད་དང་། འཛད་སྤྱོད་རྒྱ་སྐྱེད། ཕྱི་ཕྱོགས་ཉོ་ཚོང་བརྟན་གཏོང་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཐེབས་རྩའི་རྣམ་གྲངས་ལག་ལེན་བསྟར་བའི་བརྒྱུད་རིམ་ཁྲོད། ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཁུལ་གྱི་ཡན་ལག་དངུལ་ཁང་གིས་དུས་ཐོག་ཏུ་ལས་སྟེགས་མདུན་དབུས་རྒྱབ་གསུམ་གྱི་མཉམ་འབྲེལ་གྲོས་ཚོགས་འཚོགས་ཏེ། གནད་སྨིན་དཔྱད་གཅོད་དང་ནུས་ཆེའི་ཇུས་ཐག་བཅད་པས། རྣམ་གྲངས་བཞི་པོ་ཚང་མ་སྤྱི་ཁྱབ་དངུལ་ཁང་དུ་ཐོ་འགོད་ལེགས་གྲུབ་བྱུང་བ་མ་ཟད་ཉིན་དེ་རང་ལ་ཆོག་མཆན་ཐོབ་པ་དང་ཉིན་གཉིས་ནང་ཡོངས་རྫོགས་གཏོང་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།