2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།
གསར་འགོད་པར་2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་གྲུབ་འབྲས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་10ཚེས་29ཉིན་གྱི་དགོང་མོར། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། གླེང་སྟེགས་གཉེར་རིང་རྒྱལ་ཁབ་དང་ས་ཁུལ་44ནས་ཡོང་བའི་སྐུ་མགྲོན་400ལྷག་ཙམ་བོད་དུ་འཛོམས་ཏེ“མཛེས་པའི་བོད་ལྗོངས་འཕྲད། གངས་ལྗོངས་ལེའུ་གསར་རྩོམ”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུཌ་གཅིག་ཏུ་བསྒྲིལ་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གླེང་སྟེགས་ལ“གླེང་སྟེགས་གཙོ་བོ་1+ཆེད་དོན་གླེང་སྟེགས་3+ཁྱད་ལྡན་བྱེད་སྒོ་4”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་གསར་པ་སྤྱད་ཡོད་ཅིང་། གླེང་སྟེགས་གཙོ་བོར་ཀྲུང་གོའི་ལུཌ་ཀྱི་དེང་རབས་ཅན་ལ་བརྟེན་ནས་བོད་ཀྱི་འཕེལ་རྒྱས་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཁར“ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས”དང་། “འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང” “དུས་རབས་ཀྱི་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁྲི་འཁུར་བ”བཅས་ཀྱི་ཆེད་དོན་གླེང་སྟེགས་ཆེན་པོ་གསུམ་བཀོད་སྒྲིག་བྱས་པ་མ་ཟད། “བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་དང་པོ”དང་། རབ་བཏགས་རི་མོ་དང་བར་འཇུག་རི་མོའི་འགྲེམས་སྟོན། ལེགས་སྐྱེས་ཕུལ་བའི་གློག་བརྙན་འགྲེམས་སྟོན། ས་གནས་ས་ཐོག་ཏུ་འཚམས་འདྲིར་ཞུགས་པའི་བྱེད་སྒོ་བཅས་དུས་མཉམ་དུ་གཉེར་ནས་རིགས་པའི་གཞུང་ལུགས་བགྲོ་གླེང་དང་གྲུབ་འབྲས་འགྲེམས་སྟོན་དང་བསམ་བློ་སྤེལ་རེས་དང་རིག་གནས་ཁྱབ་སྤེལ་ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་ལས་སྟེགས་བསྐྲུན་པ་རེད།
ལས་རིགས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་15ཡིས་གླེང་སྟེགས་གཙོ་བོར་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་ཞིང་། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་བོད་ཀྱི་འབྱུང་འགྱུར་འཕེལ་ཕྱོགས་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་རྗེས། བོད་ཀྱིས་རང་ངོས་ཀྱི་ལེགས་ཆར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ངོས་འཛིན་མང་པོ་གཅིག་མཐུན་བྱུང་ཡོད། “ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེཌ་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བའི”གླེང་སྟེགས་ལ་ཚོགས་ཞུགས་སྐུ་མགྲོན་གྱིས་ནུས་རྒྱུ་གཙང་མ་དང་། ས་མཐོའི་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ལ་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་ཏེ“གྲངས་རིག་གིས་མཐུན་རྐྱེན་སྦྱོར་བ་དང་། སྤུས་རྟགས་ཀྱིས་ཁྲིད་སྟོན་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ། ཐོན་ལས་གསར་གཏོད”སོགས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་བྱུང་སྟེ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གྲོས་འགོ་ཞིབ་ཕྲ་བཏོན་པ་རེད། “འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང”གི་གླེང་སྟེགས་ལ་ཚོགས་ཞུགས་སྐུ་མགྲོན་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་བོད་ཀྱི་ལག་ལེན་དེ་འཇུག་གཞིར་བྱས་ནས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་འཛུགས་སྐྱོང་དང་། སྐྱེ་ཁམས་ཁ་གསབ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། “མཛེས་སྡུག་ལྡན་པའི་བོད་ལྗོངས”གོ་ལ་ཧྲིལ་པོར་སྤྱི་ཕན་ཁྱབ་སྤེལ་བྱེད་པ་སོགས་མཉམ་ལས་ཀྱི་འདོད་འདུན་མང་པོ་བཏོན་ཐོག མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་ཐབས་ལམ་འཛུགས་རྒྱུར་སྤྱོད་གོ་ཆོད་པའི་ཇུས་གཞི་མཁོ་འདོན་བྱས་ཡོད། “དུས་རབས་ཀྱི་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁྲི་འཁུར་བ”ཞེས་པའི་གླེང་སྟེགས་ལ་ཚོགས་ཞུགས་སྐུ་མགྲོན་གྱིས“སྤེལ་རེས་མཉམ་ལས་+གཞོན་ནུ་གསོ་སྐྱོང”ཟུང་དུ་འབྲེལ་བའི་ཇུས་གཞི་བཟོ་བ་དང་། གཞོན་ནུའི་ལས་གཏོད་རོགས་སྐྱོར་འཆར་གཞི་ལག་བསྟར་བྱ་རྒྱུ་དར་སྤེལ་གཏོང་བ། གཞོན་ནུ་ཚོས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་སུ་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་གཏོང་བ་བཅས་བྱས་ནས། གཞོན་ནུས་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་ས་མཐོར་འབད་འཐབ་བྱ་རྒྱུའི་གྲོས་འགོ་མང་པོ་བཏོན་ཡོད། སྐབས་འདིའི་གླེང་སྟེགས་ཀྱི་གསར་གཏོད་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི“བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་དང་པོ”དེས་བོད་དང་འཛམ་གླིང་དབར་སྐད་ཆ་ཤོད་རེས་ཀྱི་འབྲེལ་ཟམ་བསྐྲུན་ནས་བོད་ཀྱི་གཟུགས་བརྙན་རྒྱལ་སྤྱིར་ཁྱབ་སྤེལ་གཏོང་བའི་གྲུབ་འབྲས་མངོན་གསལ་དོད་པོ་དང་འབྱུང་འགྱུར་གྱི་ཐབས་ལམ་གང་ལེགས་མངོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གླེང་སྟེགས་ལ“དྲ་ཕྱིའི་བགྲོ་གླེང་དང་དྲ་ཐོག་ཁྱབ་སྤེལ”བྱེད་སྟངས་སྤྱད་དེ་ཆེད་དོན་ཆེད་བསྒྲིགས་ལེ་ཚན་བཙུགས་པ་དང་། ཆེད་དོན་གླེང་གཞི་བཏོན་པ། ཀྲུང་དབྱང་སྨྱན་སྦྱོར་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྨྱན་སྦྱོར་དང་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་མཐུན་སྦྱོར་མཉམ་འགུལ་བྱས་པ། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གྱིས་དུས་མཉམ་དུ་གནས་ཚུལ་སྤེལ་བ་བཅས་བྱས་པས། གླེང་སྟེགས་ཀྱི་འབྲེལ་ཡོད་བྱེད་སྒོའི་ཆ་འཕྲིན་ལ་རྒྱལ་ཁབ་ཕྱི་ནང་གི་དམངས་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ནས་རིག་གཞུང་བགྲོ་གླེང་གཏིང་ཟབ་པ་དང་། རིག་གནས་འགྲེམས་སྟོན་མི་སེམས་ལ་བབ་པ། ཁྱབ་སྤེལ་མཉམ་འགུལ་ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཁྱབ་སྤེལ་ཕན་འབྲས་ཐོན་པ་རེད།
འབྲེལ་ཡོད་གསར་འགྱུར།