2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་གླེང་སྟེགས་གཙོ་བོ་སོགས་ཀྱི་བྱེད་སྒོ་གཉེར་བ།
དབང་ཧའེ་ཀྲོའུ་དང་། རེན་ཝེ། ཞུས་ཀྲི་ཐའོ། ཀྲའོ་ཕུང་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
ཚེས་29ཉིན། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་གླེང་སྟེགས་གཙོ་བོ་དང་། “ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས” “འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང” “དུས་རབས་ཀྱི་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁྲི་འཁུར་བ”
ཞེས་པའི་ཆེད་དོན་གླེང་སྟེགས་དང“བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོཌ་ཆེན་སྐབས་དང་པོ”བཅས་བདེ་བླག་ངང་གཉེར་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་དང་ཀྲའོ་ཕུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས་གླེང་སྟེགས་གཙོ་བོ་གཙོ་སྐྱོང་གནང་སྐབས། ཚོགས་ཞུགས་སྐུ་མགྲོན་གྱིས་མཐོང་སྣེ་དང་ཁྱབ་ཁོངས་མི་འདྲ་བར་གཞི་བཙུགས་ཏེ། ལྟ་ཚུལ་གསལ་པོ་དང་མཐོང་རྒྱ་ལྡན་པའི་གཏམ་བཤད་གནང་ནས། བོད་ཀྱི་འཕེལ་རྒྱས་ལ་བསམ་འཆར་དང་གྲོས་འགོ་རྩ་ཆེན་བཏོན་པ་དང་། མཉམ་དུ་འཕེལ་རྒྱས་དོན་གཉེར་དང་འབྱུང་འགྱུར་གཏོད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་གཅིག་ཏུ་བསྒྲིལ་ཡོད་ཅེས་གསུངས་ཤིང་། “བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་དང་པོའི”ཤིས་ཚིག་ནང་། བོད་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྣེ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ཏེ། ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་དང་དེ་བཞིན་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་མཐུན་སྦྱོར་མཉམ་འགུལ་ལ་སྤྱི་འདོམས་གང་ལེགས་བྱས་ནས། རྒྱལ་སྤྱིའི་ཁྱབ་སྤེལ་གྱི་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བྱེད་པ་དང་། སྔར་བས་གོ་ཆོད་པའི་རྒྱལ་སྤྱིའི་ཁྱབ་སྤེལ་མ་ལག་འཛུགས་པ། ཕྱི་ཕྱོགས་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་ལ་གཞོལ་ནས་ཕྱོཌ་ཡོངས་དང་། ཐབས་ལམ་མང་བ། ཕྱོགས་བསྡུས་ཅན་བཅས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲཌ་ཀྱི་བཀོད་པ་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།
རེན་ཝེས“ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བའི”ཆེད་དོན་གླེང་སྟེགས་ལ་བསྟན་དོན། བོད་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པ་མ་ཟད། འཐབ་ཇུས་ཐོན་ཁུངས་གསོག་འཇོག་དང་ནུས་རྒྱུ་གཙང་མའི་རྟེན་གཞི་ཞིག་རེད་ལ། དེ་བས་ཀྱང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་ཞིག་རེད། བོད་ཀྱི་སྲིད་ཇུས་དང་། ཐོན་ཁུངས། ས་བབ། རྗེས་ཐོན་གྱི་མི་མངོན་པའི་སྟོབས་ཤུགས་སོགས་ཀྱི་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས། རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁེ་ལས་མཁས་ཅན་བཅས་བོད་དུ་བསྐྱོད་ནས་རྟོག་ཞིབ་བྱས་ཏེ་བོད་འདི་ཉིད་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་སྔར་ལས་ལེགས་པར་མཉམ་འདྲེས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་སྐྱོང་ལ་རམ་འདེགས་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་མངོན་འགྱུར་བྱེད་པའི་བགྲོད་ལམ་དུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
ཞུས་ཀྲི་ཐའོ་ཡིས“འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང”གི་ཆེད་དོན་གླེང་སྟེཌ་ལ་བསྟན་དོན། ད་རེས་ཀྱི་གླེང་སྟེགས་ལ་སའི་གོ་ལའི་སྣེ་གསུམ་པའི་གཏན་འཁྱོངས་འཕེལ་རྒྱས་ཀྱི་གྲོས་དོན་གལ་ཆེན་ལ་དཔྱད་བསྡུར་བྱས་ཏེ“འཛམ་གླིང་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་ཕུལ་ཡོད་ཅིང་། མཚོ་བོད་ས་མཐོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་མ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་མཐུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་མཐའ་འཁྱོངས་བྱས་ནས། སྲོག་ཆགས་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ཏེ་མཚོ་བོད་ས་མཐོ་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་ཀྱིས“འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང”ལ་དམིགས་ནས་ལྟ་བ་ཡང་དག་ཧུར་ཐག་འདོན་རྒྱུའི་རེ་བ་ཡོད།
ཀྲའོ་ཕུང་གིས“དུས་རབས་ཀྱི་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁྲི་འཁུར་བ”ཞེས་པའི་ཆེད་དོན་གླེང་སྟེགས་ལ་བསྟན་དོན། ད་རེས་ཀྱི་གླེང་སྟེགས་ལ་ལས་རིགས་ཁག་གི་ཕུལ་བྱུང་ན་གཞོན་མཉམ་དུ་འཛོམས་ནས“དུས་རབས་ཀྱི་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁྲི་འཁུར་བའི”སྐོར་གླེང་བར་དངོས་ཡོད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། དེང་རབས་བོད་ལྗོངས་ཀྱི་ན་གཞོན་ཚོས་ད་རེས་ཀྱི་གླེང་སྟེགས་གོ་སྐབས་སུ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྣེ་ཁྲིད་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁུར་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་པ། མཐའ་སྲུང་མཐའ་སྟོབས་མཐའ་དར་གྱི་ལེགས་སྐྱེས་འབུལ་མཁན་བཅས་སུ་བརྩོན་ལེན་བྱས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་དང་བཀྲག་མདངས་སྣོན་དགོས། སྐུ་མགྲོན་དང་གྲོགས་པོ་ལྷན་རྒྱས་ཀྱིས་ད་རེས་ཀྱི་གླེང་སྟེགས་འདི་བརྒྱུད་ནས་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱས་ཏེ། བོད་ཀྱི་ན་གཞོན་རྣམས་ཀྱིས་འགན་འཁུར་དང་འབད་འཐབ་བྱེད་པར་རྒྱབ་སྐྱོར་དེ་བས་མང་བ་དང་བསམ་འཆར་རྩ་ཆེན་འདོན་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།