དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》བལྟས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-31

    ཟླ་10ཚེས་28ཉིན། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟཌ་ཕུལ་བའི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པ་མཉམ་དུ་བལྟས་པ་རེད།

    གློག་བརྙན་དེའི་ནང་བྱང་ཐང་མི་མེད་ཁུལ་རྒྱབ་ལྗོངས་སུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཀྱི་ལོ་བཅུའི་ནང་། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་ས་བབ་མཐོ་བའི་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་། བོད་སྐྱོར་ལས་བྱེད་པ། གཞི་རིམ་མང་ཚོགས་བཅས་ཀྱིས་ལས་གནས་བརྟན་སྲུང་བྱས་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ། མི་སྒེར་དང་ཁྱིམ་ཚང་གི་ཁེ་ཕན་དང་ཐ་ན་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་སྟེ། ཡུལ་དེའི་ཞིང་འབྲོག་མང་ཚོགས་ལ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་བར་བྱས་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་མངོན་པར་བྱས་ཡོད། གློག་བརྙན་ནང་གི་དྭངས་གཙང་ལྷད་མེད་ཀྱི་བརྩེ་བ་ལས་དེ་གར་ཞུགས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོར་སེམས་འགུལ་ཆེན་པོ་ཐེབས་ཏེ། གློག་བརྙན་དེ་ལྷག་བསམ་ཟོལ་མེད་དང་དྲོ་སྐྱིད་ལྡན་པ་ཞིག་འདུག་ལ། གཏམ་རྒྱུད་ནང་གི་བརྗོད་བྱའང་སེམས་འགུལ་ཐེབས་པ་ཞིག་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པ་དེ་ནི་བོད་བྱང་ཐང་གི་ས་བབ་མཐོ་བའི་མི་མེད་ཁུལ་དུ་བསྐྱོད་དེ་བརྒྱུད་རིམ་ཧྲིལ་པོར་དངོས་ལྗོངས་པར་ལེན་བྱས་པའི་གཏམ་རྒྱུད་གློག་བརྙན་ཐོག་མ་དེ་རེད། དེའི་ནང་འཁྲབ་ཚན་ཚོགས་ཆུང་གི་མི་མེད་ཁུལ་གྱི་རི་མཐོ་པར་ལེན་ཚོགས་ཆུང་གིས་བུ་རོགས་གངས་རིའི་འཁྱགས་ཐང་ཆ་ཚང་བསྐོར་ཞིང་། བུ་རོགས་གངས་རིའི་འཁྱགས་ལྕེ་ཆེ་ཤོས་དང་བརྗིད་ཉམས་ལྡན་ཤོས་པར་ལེན་ཐོག་མ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།