དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དིང་རིའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་ཉམས་གསོ་བརྟན་གཏོང་གི་མང་ཚོགས་ཀྱི་སྡོད་ཁང་རྩིས་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-31

    གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་སྤེལ་འགོ་བཙུགས་ཚུན། གཞིས་རྩེ་གྲོང་ཁྱེར་གྱི་གོང་འོག་ཚང་མས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་གྱི་དགོངས་དོན་ལྟར་གཙོ་རྒྱུ་ཀུན་འདུས་འགན་ལེན་དང་།  བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན། བརྒྱུད་རིམ་ཧྲིལ་པོར་བཀོད་གཏོང་། ཕྱོགས་ཡོངས་ནས་ལྟ་འདོམས། འཁོར་འབྲེལ་ཧྲིལ་པོར་ལྟ་སྐུལ། ཡོངས་ཁྱབ་ཞུགས་པ་བཅས་ལ་ཤུགས་སྣོན་རྒྱག་པ་དང་ཐེག་པ་ཁུར་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྤུས་ལེགས་ཀྱི་ལས་གྲྭ་དང་། སྤྱོད་གཙང་གི་ལས་གྲྭ བློས་འཁེལ་གྱི་ལས་གྲྭ བདེ་འཇཌ་ཀྱི་ལས་གྲྭ་བཅས་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཛུགས་སྐྲུན་གྱི་གཞི་ཁྱོན་དང་། འཛུགས་སྐྲུན་གྱི་མྱུར་ཚད། འཛུགས་སྐྲུན་གྱི་དཀའ་གནད། འཛུགས་སྐྲུན་གྱི་སྟོབས་ཤུགས་བཅས་ཚང་མ་སྔར་བྱུང་མྱོང་མེད་པ་ཞིག་སྟེ། ཁྱོན་རྫོང་7དང་། ཤང་དང་གྲོང་རྡལ་47 གྲོང་ཚོ་486བཅས་དང་འབྲེལ་བ་ཡོད་པ་དང་། མང་ཚོགས་ཀྱི་སྡོད་ཁང་བསྡོམས་ཁྲི་2.2ལྷག་ཙམ་བསྐྱར་སྐྲུན་བྱས་པ། མང་ཚོགས་ཀྱི་སྡོད་ཁང་བསྡོམས་ཁྲི་1.05ལྷག་ཙམ་ཉམས་གསོ་བརྟན་གཏོང་བྱས་པ་བཅས་ནི་རང་ལྗོངས་ཀྱིས་གེགས་རྗེས་བསྐྱར་སྐྲུན་གཅིག་སྡུད་ལག་བསྟར་གྱི་གཞི་ཁྱོན་ཆེ་ཤོས་ཤིག་རེད། ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གསུམ་པར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་ཇུས་གཞི་འཕྲལ་མར་བཟོ་འགོ་ཚུགས་ཏེ་དུས་འགོའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། ཟླ་གསུམ་པའི་ཟླ་འགོར་འཛུགས་སྐྲུན་བྱེད་འགོ་ཚུགས་པ། ཟླ་དྲུག་པའི་ཟླ་འགོར་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ། ཟླ་བཅུ་པའི་ཟླ་མཇུག་ཏུ་བསྐྱར་སྐྲུན་དང་ཉམས་གསོ་བརྟན་གཏོང་གི་མང་ཚོགས་ཀྱི་སྡོད་ཁང་བསྐྲུན་ཟིན་པ་དང་ཆབས་ཅིག་གནོད་འཚེ་ཕོག་པའི་མང་ཚོགས་ལ་རྩིས་སྤྲད་ཡོད། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་གེགས་རྗེས་བསྐྱར་སྐྲུན་གྱི་གནས་མང་བ་དང་རྒྱུད་རིང་བ་དེ་བཞིན་ཁྱོན་ཆེ་བ་བཅས་དང་། མཐོ་གྲང་གསོ་རླུང་དཀོན་པ། ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ། གངས་མ་ཆར་གྱི་གནམ་གཤིས་བསྟན་མང་བ། ཨར་སྐྲུན་གྱི་གོ་ཆོད་ཡུན་ཐུང་བ་སོགས་ཀྱི་དཀའ་གནད་ཁྱད་བསད་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་གནས་ཐིག་1032ཀྱི་འཛུགས་སྐྲུན་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད། ཁེ་ལས་134དང་། ཨར་སྐྲུན་མི་སྣ་ཁྲི་6.1ལྷག་ཙམ། འཕྲུལ་ཆས་ཁག་ཁྲི་0.6ལྷག་ཙམ་བཅས་འཛུགས་སྐྲུན་ནང་ཞུགས་པ་དང་ཏང་ཡོན་ལས་བྱེད་པ་6600ལྷག་ཙམ་གྱིས་འཐབ་ས་དང་པོ་བརྟན་སྲུང་བྱས་ནས་དཀའ་ངལ་དང་གནད་དོན་ཁག་མཐུན་སྦྱོར་ཐག་གཅོད་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།