དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2025-10-31

    ཟླ་10ཚེས་29ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཉིང་ཁྲི་གྲོང་ཁྱེར་དུ་གཟབ་རྒྱས་ངང་གཉེར་བ་རེད། སྐབས་འདིའི་གླེང་སྟེགས་ཐོག“མཛེས་པའི་བོད་ལྗོངས་འཕྲད། གངས་ལྗོངས་ལེའུ་གསར་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། རྒྱལ་སྤྱིའི་ཁྱབ་སྤེལ། འཕེལ་རྒྱས་ཀྱི་འདུ་ཤེས། ལག་ལེན་གྱི་ཐབས་ལམ་སོགས་ཕྱོགས་མང་པོར་དམིགས་པ་དང་། དེའི་དམིགས་ཡུལ་ནི་འཛམ་གླིང་དང་བགྲོ་གླེང་གི་ལས་སྟེགས་བསྐྲུན་ནས་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐུན་མོང་གི་ངོས་འཛིན་དེ་བས་ལེགས་པའི་སྒོ་ནས་གཅིག་སྡུད་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་ཆེད་རེད།

    འདས་ཟིན་པའི་ལམ་བུར་ཕྱིར་མིག་བལྟས་ཚེ། ད་ལྟའི་བོད་ལྗོངས་ནི་སྤོབས་སེམས་ཆེན་པོ་སྐྱེ་འོས་པ་ཞིག་ཡོད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། བོད་ལྗོངས་འདི་ཉིད་རྗེས་ལུས་ནས་ཡར་ཐོན་དང་། བཀག་སྡོམ་ནས་སྒོ་དབྱེ། དབུལ་ཕོངས་ནས་འབྱོར་ཕྱུག་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་བཏོད་ཡོད། འཛམ་གླིང་ཧང་སངས་དགོས་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེས་གཅིག་སྡུད་དང་། ཆེས་ཐད་ཀར། ཆེས་གསོན་ཉམས་དོད་པ་བཅས་ཀྱི་མཚོན་ཚུལ་ཞིག་ཡིན་ལ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་ལེའུ་ཞིག་ཀྱང་བརྩམས་ཡོད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ད་ཆའི་བོད་ལྗོངས་ལ་གདེང་ཚོད་ཀྱིས་ཁེངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྐུ་ངོ་མ་བོད་ལ་ཐེངས་གཉིས་ཕེབས་ནས་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བ། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཟོས་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་གནང་སྟེ་བོད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་སུ་སླེབས་པར་ཁྲིད་སྟོན་གནང་ཡོད། མིག་སྔའི་བོད་ནི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད་པས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན་བཞིན་ཡོད། སྒོ་དབྱེའི་ས་ཁུལ་ལ་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པ་དང་སྒོ་དབྱེའི་དཔལ་འབྱོར་ལ་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་ཡོད། གྲོལ་མ་ཐག་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་བཀོད་གནང་ཡོད། བོད་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གྱི་འཐབ་ཇུས་ངེས་གནས་ལ་གཞི་འཛུགས་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་མཉམ་འདྲེས་གཏིང་ཟབ། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་དང་མཉམ་འདྲེས། ཧི་མ་ལ་ཡ་བརྒལ་བའི་ཕྱོགས་བསྡུས་མཉམ་འབྲེལ་དྲ་རྒྱ་ཧུར་ཐག་འཛུགས་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་མཉམ་འདྲེས་ཧུར་ཐག་བཅས་བྱེད་བཞིན་ཡོད། བོད་དུ་གཞི་ཚུགས་པ་དང་འཛམ་གླིང་ལ་ཕྱོགས་པའི་ཀྲུང་གོའི་བོད་ལྗོངས་ཀྱི་འཕེལ་རྒྱས་གླེང་སྟེགས་སྐབས་བདུན་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་བོད་དང་འཛམ་གླིང་དབར་འབྲེལ་མཐུད་དང་འཛམ་གླིང་གིས་བོད་ཤེས་རྟོགས་ཡོང་བའི་ལས་སྟེགས་གལ་ཆེན་དུ་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་ཆེན་པོ་ཐོབ་ཡོད། ལས་སྟེགས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་རྒྱལ་ཁབ་ཁག་དང་སྤེལ་རེས་གཏིང་ཟབ་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར། ཞིང་ལས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་བྱུང་བ་དང་། དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་མཛེས་སྡུག་དང་། དར་རྒྱས། སྒོ་དབྱེ་བཅས་ཀྱི་བོད་ལྗོངས་ཤིག་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོ་སྤྲོད་བྱས་ཏེ། འཛམ་གླིང་གིས་བོད་ལྗོངས་ལ་རྒྱུས་མངའ་དེ་བས་ཡག་པོ་ལོན་པ་དང་། བོད་ལྗོངས་འདི་ཉིད་གང་མགྱོགས་འཛམ་གླིང་ཕྱོགས་སུ་བསྐྱོད་དེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྫོགས་མཐའ་མེད་པའི་སྒུལ་ཤུགས་དང་གསོན་ཤུགས་སྦྱིན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།