དབུ་ཤོག>གསར་འགྱུར།>འགོ་བརྗོད་པར་རིས།
  • སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་གིས།

    ཡ་རབས་ཡུལ་སྲོལ་བཏོད་ནས་མཛེས་མཐུན་གྲོང་གསེབ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-30

    འདི་ནི་དཔལ་སྡེ་ཤང་གི་དང་བླངས་ཞབས་ཞུ་རུ་ཁག་གིས་ཡུལ་སྐོར་བར་བློ་འདྲི་སྣེ་ཁྲིད་དང་ལམ་ཐིག་འཆར་འགོད་སོགས་ཀྱི་ཞབས་འདེགས་ཞུ་བཞིན་པ།

    ད་ལོ་ཚུན་དུ། སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་གིས་ཤེས་དཔལ་སྐྱེད་སྲིང་གི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་གིས་བཙུགས་ཏེ། ཕུན་སུམ་ཚོགས་པའི་གཞི་རྟེན་དང་དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས“སྲིད་ཇུས་ལག་ལེན་གནད་ལ་འཁེལ་བ་དང་། ཤེས་དཔལ་སྐྱེད་སྲིང་གཏིང་ཟབ་པ། མང་ཚོགས་ལ་བདེ་སྐྱིད་ཆེན་པོ་ལྡན་པ”བཅས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བསམ་པའི་འདེགས་སྐྱོར་དང་དཔེ་ལྟ་ཆོག་པ་དང་ཁྱབ་སྤེལ་གཏོང་ཆོག་པའི་ཡུལ་སྲོལ་ཡ་རབས་འཛུགས་སྐྱོང་གི་ཉམས་མྱོང་མཁོ་འདོན་བྱས་ཡོད།

    དཔལ་སྡེ་ཤང་གིས་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་སྒྲོག་འགྲེལ་དཔུང་ཁག་སྒྲིག་འཛུགས་བྱས་ནས་ཞིང་ནང་མུ་ཁ་དང་དགོན་སྡེ་དང་སློབ་གྲྭ་སོགས་སུ་བསྐྱོད་དེ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དང་། དམངས་ཕན་སྲིད་ཇུས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་སོགས་བརྗོད་དོན་གཙོ་བོར་དམིགས་ནས་ཁ་གཏད་དབྱེ་བ་དང་ཚོགས་རིགས་དབྱེ་བའི་སྒྲོག་འགྲེལ་ཐེངས་30ལྷག་ཙམ་བྱས་པ་རེད།

    དཔལ་སྡེ་ཤང་གིས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ཀུན་སྤྱོད་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཡ་རབས་ཡུལ་སྲོལ་དང་ཁྱིམ་སྲོལ་བཟང་པོ་སྐྱེད་སྲིང་ཧུར་ཐག་བྱས་ཤིང་། ཤང་ཡོངས་ཀྱིས་དང་བླངས་པ་སྐུལ་སློང་བྱས་ནས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ཐེངས་27བྱས་པ་དང་། གྲོང་གསེབ་དང་མཛེས་ལྗོངས་ཁུལ་གྱི་གད་སྙིགས་ལུས་ས་120ལྷག་ཙམ་གཅིག་སྡུད་ཐོག་གཙང་སེལ་བྱས་པ་དང་ཆབས་ཅིག མང་ཚོགས་ཀྱི་འཚོ་བ་དང་ཡུལ་སྐོར་ཁོར་ཡུག་ལེགས་སུ་བཏང་སྟེ། རྫོང་ཁོངས་ཀྱི་གྲོང་གསེབ་ཁོར་ཡུག་བཅོས་སྒྲིག་ལ“གཙང་སྦྲའི་མ་དཔེ”མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་ལུང་བཟང་གྲོང་ཚོར“ཀུན་སྤྱོད་དཔེ་བཟང་ལ་སློབ་སྦྱོང་བྱས་ནས་ཤེས་དཔལ་གྲོང་གསར་མཉམ་དུ་སྐྲུན་པའི”སྒྲོག་འགྲེལ་བྱེད་སྒོ་སྔོན་ལ་སྤེལ་བ་དང་། གྲོང་ཚོ་དེ་གའི“ཁྱིམ་མཚེས་བཟང་པོ”དང“མནའ་མ་བཟང་པོ”སོགས་ཉེ་འགྲམ་མི་བཟང་གི་མི་སེམས་འགུལ་བའི་བྱས་རྗེས་དག་བསླབ་གཞི་གསོན་པོ་ཞིག་ཏུ་བརྩིས་ནས་གྲོང་གསེབ་ཀྱི་ཀུན་སྤྱོད་འཛུགས་སྐྱོང་གི“བསམ་པའི་ཆུ་རགས”བརྟན་པོ་བསྐྲུན་ཡོད།

    དཔལ་སྡེ་ཤང་གིས་མཛེས་ལྗོངས་ཁུལ་གྱི་དམངས་ཕན་ཞབས་ཞུའི་དཔེ་སྟོན་ས་ཚིགས་དེ་ཤེས་དཔལ་བརྒྱུད་སྤྲོད་བྱེད་པའི་སྐར་ཁུང་གསར་ཤོས་ཤིག་ཏུ་བསྐྲུན་ཞིང་། ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ“སྐྱེ་ཁམས་དྲིལ་བསྒྲགས་དང་ཡུལ་ལྗོངས་གསལ་འགྲེལ”གྱི་བྱེད་སྒོ་སྤེལ་ཏེ། མཚོ་འགྲམ་གྱི་སྐྱེ་ཁམས་མཚོན་རྟགས་དང་ཟུང་འབྲེལ་གྱིས་ཡུལ་སྐོར་བར་ཁོར་ཡུག་སྲུང་སྐྱོང་གི་གཏན་འབེབས་འགྲེལ་བཤད་བརྒྱབ་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་མཛེས་ལྗོངས་ལ་ལྟ་ཞོར་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། ཏང་དམངས་ཞབས་ཞུའི་ས་ཚིགས་ལྟེ་གནས་སུ་བྱས་ཏེ། “སེམས་རྩ་འཁོལ་བའི་ཞབས་འདེགས་ཞུ་བ་དང་། བདེ་འཇགས་ལ་མཐའ་ཚད་ཡོད་པ། གཉེར་སྐྱོང་ལ་ཡིད་རྟོན་ཡོད་པ”བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ནུས་ཤུཌ་ཡོད་རྒུས་བསྐྲུན་པ་དང་། མཛེས་ལྗོངས་ཁུལ་གྱི་ཤེས་དཔལ་ལག་ལེན་ས་ཚིགས་སུ“གསོ་རླུང་རྔུབ་ས”དང“ངལ་གསོའི་ནུས་ཚད་ས་ཚིཌ”སོགས་ཁྱད་ལྡན་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། མི་30ལྷག་ཙམ་གྱི་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་ཕྱོགས་སྟོན་སྣེ་ཁྲིད་དང་བོར་དངོས་ལེན་བརྡ་གཏོང་བ་སོགས་ཀྱི་ཞབས་ཞུ་བསྒྲུབས་ཐོག ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་རིན་གོང་གསལ་འགོད་དང་ཞབས་ཞུའི་ཁས་ལེན་ལམ་ལུཌ་ཁྱབ་སྤེལ་བཏང་སྟེ། ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཞུ་གཏུག་དང་དོན་རྐྱེན་གཅིག་ཀྱང་མི་ཐོན་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།