དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་གྱིས་སྨན་བཅོས་སྙིགས་རོ་ཆ་འཕྲིན་ཅན་གྱི་དོ་དམ་ལས་སྟེགས་ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-30

    ནག་ཆུ་གྲོང་ཁྱེར་གྱིས་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་གི་ལྟེ་བའི་འགན་འཁྲིར་གཞི་ཚུགས་ཏེ། ཆེད་དོན་མ་དངུལ་སྒོར་ཁྲི་257.6བཏང་ནས་གྲོང་ཁྱེར་མི་དམངས་སྨན་ཁང་དང་། སྨན་རྩིས་ཁང་། མ་བུ་འཕྲོད་སྦྱོར་ཁང་བཅས་སུ་སྨན་བཅོས་སྙིགས་རོ་ཆ་འཕྲིན་ཅན་གྱི་དོ་དམ་ལས་སྟེགས་རྣམ་གྲངས་ལག་ལེན་བསྟར་བ་རེད།

    རྣམ་གྲངས་དེས“སྲོལ་རྒྱུན་གྱི་དོ་དམ་དང་ཆ་འཕྲིན་གྱི་མཐུན་རྐྱེན་སྦྱོར་བའི”དཔེ་དབྱིབས་གཉིས་སྤྱད་ནས་སྨན་བཅོས་སྙིགས་རོར་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཚོད་འཛིན་བྱ་རྒྱུ་དེ་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གཙོ་གནད་ལས་དོན་ལ་བརྩིས་ནས། “འཕྲལ་མར་ལྔའི”གདུབ་ཟུམ་དོ་དམ(ཐོན་སྐྱེད་བྱས་རྗེས་འཕྲལ་མར་ཁ་སྦྱར་བ་དང་། འཕྲལ་མར་མཚོན་རྟགས་སྦྱར་བ། འཕྲལ་མར་བརྒྱུད་འདྲེན་བྱེད་པ། འཕྲལ་མར་རྒྱ་མ་འགྱོགས་པ། འཕྲལ་མར་མཛོད་འཇུག་ཐོ་འགོད་བྱེད་པ་བཅས)བརྒྱུད་སྨན་བཅོས་སྙིགས་རོའི་དོ་དམ་རིམ་སྤོར་ལ་རམ་འདེགས་བྱས་ཡོད།

    ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ཞིབ་དཔྱད་ཚན་ཁག་གི་ཀྲུའུ་རེན་འཆི་མེད་སྒྲོལ་དཀར་གྱིས་ངོས་འཛིན་བྱས་དོན། རྣམ་གྲངས་དེ་བཀོལ་སྤྱོད་བྱེད་འགོ་ཚུགས་རྗེས་སྨན་ཁང་གི་དོ་དམ་ནུས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་རེད། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ཐད། རིགས་དབྱེ་འཚོལ་བསྡུ་དང་ཆེད་མིས་དོ་དམ་སོགས་ཀྱི་བྱེད་སྟངས་སོར་འཇོག་བྱེད་པའི་རྨང་གཞིའི་ཐོག་ཆ་འཕྲིན་ཅན་གྱི་ལས་སྟེགས་བརྒྱུད“འཕྲལ་མར་ལྔའི”བླང་བྱ་གཞིར་བཟུང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། “བཀོལ་སྤྱོད་ཚད་དང་ལྡན་པ་དང་། བརྒྱུད་རིམ་ལ་བྱས་པའི་ཤུལ་ཡོད་པ། འགན་འཁྲིའི་ཁུངས་སྣེ་འདེད་ཐུབ་པ་བཅས”ཀྱི་དོ་དམ་གྱི་གདུབ་ཟུམ་ཞིག་གྲུབ་ཡོད། སྐྱེ་ཁམས་ཁོར་ཡུག་ལྟ་འདོམས་ཐད། སྨན་བཅོས་སྙིགས་རོ་རིགས་དབྱེ་ཡང་དག་ཚད་དང་འཁོར་རྒྱུག་ལས་ཕྱོད་ཆེས་ཆེར་འགྲོ་ཐུབ་པ་མ་ཟད། ད་དུང་ས་མཐོའི་སྨན་བཅོས་ལས་ཁུངས་ལ་འཚམ་པའི“སྲོལ་རྒྱུན་དང་ཆ་འཕྲིན་ཅན་ཟུང་འབྲེལ”གྱི་དོ་དམ་ཇུས་གཞི་ཆ་ཚང་ཞིག་གྲུབ་པ་དེས་ནག་ཆུ་གྲོང་ཁྱེར་གྱི་སྨན་ཁང་གཞན་དག་གིས་རྗེས་མཐུད་ཁྱབ་སྤེལ་དང་བེད་སྤྱོད་བྱེད་རྒྱུར་ཐབས་ལམ་བཟང་པོ་ཞིག་མཁོ་འདོན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།