ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱེད་པར་སྐུལ་འདེད་བཏང་ནས་ཞིང་འབྲོག་པ་འབབ་འཕར་ཡོང་བར་རམ་འདེགས་བྱས་པ།
གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་དམངས་བདེ་དམངས་ཕན་དང་འཁོར་རྒྱུག་མ་ལག་ལེགས་སུ་གཏོང་རྒྱུར་དམིགས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ཁུངས་སྡེབ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་འབྲོག་པ་འབབ་འཕར་ཡོང་བར་རམ་འདེགས་བྱས་ཡོད།
ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་ཁྱབ་གདལ་གཏོང་བ་དང་འཛད་ཟོག་གྲོང་གསེབ་དང་གྲོང་ཚོར་ཁྱབ་པར་བྱེད་པའི་ཕྱོགས་གཉིས་ཀྱི་བགྲོད་ལམ་ཤར་གཏོང་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས“སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”དང“འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད”བཅས་ཀྱི་མཉམ་འདྲེས་ལེགས་ཆ་ཕན་ཚུན་གསབ་རེས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དེ་སྔའི་གཟའ་འཁོར་རེར་སྦྲག་སྲིད་དང་མྱུར་སྐྱེལ་བསྐུར་མ་ཐེངས་5ནས་6བར་སྐྱེལ་བའི་རྨང་གཞིའི་ཐོག“འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད”བཅས་མཉམ་འདྲེས་ཀྱི་ཆེད་སྤྱོད་སྐྱེལ་འདྲེན་1ནས་2བར་མང་དུ་བཏང་ནས་མྱུར་སྐྱེལ་བསྐུར་མ་གྲོང་ཚོར་ཉིན་རེ་བཞིན་འབྱོར་རྒྱུ་མངོན་འགྱུར་བྱུང་བ་དང་། གྲོང་གསེབ་ཀྱི་ཟོག་འགྲེམས་ལས་ཕྱོད་ཆེ་རུ་ཏན་ཏིག་ཕྱིན་ཡོད། ལྷག་པར་དུ། ད་ལོའི་ཟླ་5པར་རྒྱ་ཚ་རྫོང་གིས་ཆེད་གཉེར་སྐྱེལ་འདྲེན་ལས་མི་བསྡུས་པ་དང་། སྒོ་བྱང་ཚད་ལྡན་དུ་བཏང་བ། སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་སྐུར་སྐྱེལ་ཟོག་འགྲེམས་ཀྱི“མཐའ་མའི་སྨི་གཅིག”དང“ཐོག་མའི་སྨི་གཅིག”བདེ་བླག་ངང་སྦྲེལ་མཐུད་ཐུབ་ནས་དེ་སྔའི་ས་ཁུལ་ཁག་གཅིག་ཏུ་སྐུར་སྐྱེལ་ཞབས་ཞུ་མི་འདང་བ་དང་མང་ཚོགས་ཀྱི་སྐུར་སྐྱེལ་མ་གནས་མཐོ་བའི་གནས་ཚུལ་རྩ་བ་ནས་འགྱུར་ལྡོག་ཕྱིན་ཡོད། ད་ཆ་མང་ཚོགས་ཚོས་ཁྱིམ་ནས་དོན་མི་དགོས་པར“བསྐུར་མ་ཁྱིམ་དུ་སྐྱེལ་བ་དང་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བའི”ཞབས་ཞུ་ཡག་པོ་ལོངས་སུ་སྤྱོད་བཞིན་ཡོད།
“ད་ལོའི་ཟླ་5པའི་ཚུན། རྒྱ་ཚ་རྫོང་ལྷ་གསོལ་ཤང་རྒྱུན་འགྲུལ་པ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ས་ཚིགས་སུ་ཐད་གཏོང་བྱས་ཏེ། ཡུལ་མི་རྣམས་ལ་རིམ་རྩིས་བརྒྱབ་ན་ཞིང་ལས་ཐོན་རྫས་རྒྱ་མ་ཁྲི་3ལྷག་ཙམ་འཚོང་རོགས་བྱས་ནས་ཡོང་འབབ་སྒོར་ཁྲི་12ལྷག་ཙམ་བྱུང་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཕན་ཧུང་དབྱིང་གིས་བཤད།
འབྲེལ་ཡོད་གསར་འགྱུར།