དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་རང་སྐྱོང་ལྗོངས་ཀྱི“པོ་ཧའེ་མཚོ་རྒྱུད་ཀྱི་དཔལ་འབྱོར་འཁོར་རྒྱའི”ཆེད་དོན་མ་འཇོག་འོས་སྦྱོར་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-30

    ཉེ་ཆར། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་སྤེལ་བའི་བོད་རང་སྐྱོང་ལྗོངས་ཀྱི“པོ་ཧའེ་མཚོ་རྒྱུད་ཀྱི་དཔལ་འབྱོར་འཁོར་རྒྱའི”ཆེད་དོན་མ་འཇོག་འོས་སྦྱོར་བྱེད་སྒོ་རབ་དང་རིམ་པ་ཐེན་ཅིན་གྲོང་ཁྱེར་དུ་སྤེལ་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ཚོགས་འདུར་ཞུགས་པ་རེད།

    འོས་སྦྱོར་ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ། བོད་མཚོ་བཟོ་ལས་གླིང་གི་མ་འཇོག་སྐུལ་སྤེལ་སྡེ་ཚན། ཕུའུ་ཧྥ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་། བོད་ལྗོངས་དངུལ་ཁང་བཅས་ཀྱིས་གྲངས་འཛིན་དཔལ་འབྱོར་དང་། དམའ་དབྱིངས་དཔལ་འབྱོར། ནུས་རྒྱུ་གཙང་མ། བོད་ལུགས་གསོ་རིག་གི་ཐོན་ལས་བཅས་དང་དེ་བཞིན་འབྲེལ་ཡོད་དངུལ་རྩའི་སྲིད་ཇུས་ལ་དམིགས་ནས་ལས་ཡུལ་དངོས་སུ་འོས་སྦྱོར་བྱས་པ་རེད། ཀྲང་ལི་ཡིས་ཤིས་ཚིག་སྒྲོན་སྐབས། བོད་དུ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཁྱད་ཆོས་ལྡན་པ་དང་། སྔར་འབྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ལྡན་པ། པོ་ཧའེ་མཚོ་རྒྱུད་དཔལ་འབྱོར་འཁོར་རྒྱའི་ཐོན་ལས་ཀྱི་ལེགས་ཆ་དང་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་གསབ་རེས་ཤུགས་ཆེན་བྱས་པ། མཉམ་ལས་ཀྱི་མདུན་ལྗོངས་ཡངས་པ་བཅས་ཡོད་པས་ས་གནས་ཁག་གི་ཁེ་ལས་མཁས་ཅན་ཚོ་བོད་དུ་མ་འཇོག་ལས་དར་དང་། ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་པ། ཁྱད་ལྡན་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱེད་པ། ཚན་རྩལ་གསར་གཏོད་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ་བཅས་ནང་ཞུགས་པར་ལྷག་བསམ་ཟོལ་མེད་ཀྱིས་གདན་དྲངས་ཏེ་པོ་ཧའེ་མཚོ་རྒྱུད་ས་ཁུལ་གྱི་སྔོན་ཐོན་ཉམས་མྱོང་ལ་བརྟེན་ནས་བོད་ཀྱི་གྲངས་འཛིན་ཐོན་ལས་རིམ་སྤོར་དང་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་ལ་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།