《ཞི་ཅིན་ཕིང་གི་སྤྱི་ཚོགས་འགན་སྲུང་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། མི་སྤྱི་པུའུ་ཡིས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་སྤྱི་ཚོགས་འགན་སྲུང་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ》ཡི་དཔེ་དེབ་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས། དྲང་གཞག་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་དྲང་གཞག་ལ་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་སོགས་ཐད་ཀྱི་སྤྱི་ཚོགས་འགན་སྲུང་གི་ནུས་པ་གལ་ཆེན་བཏོན་ཡོད། ཞི་ཅིན་ཕིང་གི་སྤྱི་ཚོགས་འགན་སྲུང་སྐོར་གྱི་རྣམ་བཤད་གལ་ཆེན་ནང་། སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་བཏང་ནས་དུས་རབས་གསར་པའི་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དེབ་དེར་ཁྱོན་ས་བཅད་15ཕྱེ་སྟེ་ལོ་རྒྱུས་ཀྱི་ཉམས་མྱོང་དང་། དུས་བབ་ཀྱི་ལས་འགན། སྒྱུར་བཅོས་ཀྱི་བྱ་ཐབས་སོགས་ཀྱི་ཐད་ནས་ཞི་ཅིན་ཕིང་གི་སྤྱི་ཚོགས་འགན་སྲུང་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་རྒྱས་བཤད་བྱས་ཡོད་པ་རེད།
དཔེ་དེབ་དེ་དཔེ་སྐྲུན་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་སྤྱི་ཚོགས་འགན་སྲུང་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་གཏོང་བ། མི་དམངས་མང་ཚོགས་ལ་སྔར་བས་འཐུས་སྒོ་ཚང་བ་དང་། སྔར་བས་བློས་འགེལ་ཆོག་པ། སྔར་བས་དྲང་གཞག་བཅས་ཀྱི་སྤྱི་ཚོགས་འགན་སྲུང་གི་ཞབས་འདེགས་ཞུས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་ལེགས་པ་མཉམ་སྤྱོད་བྱེད་པར་ཕན་ཐོགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།