དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • “ཀྲུང་གོའི་བོད་ལྗོངས་ཀྱི་རྒྱལ་སྤྱིའི་གྲོགས་ཚོགས་ཇེ་ཆེར་ཕྱིན་པ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-30

    “ཀྲུང་གོའི་བོད་ལྗོངས་ཀྱི་རྒྱལ་སྤྱིའི་གྲོགས་ཚོགས་ཇེ་ཆེར་ཕྱིན་ཡོད” ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སྐབས་མང་པོར་ཞུགས་མྱོང་བའི་རྒྱལ་ཁུངས་ཨ་རི་ནས་ཡིན་པའི་ཀྲུང་གོ་ཉིན་རེའི་ཚགས་པར་ཁང་གི་མཐོ་རིམ་གསར་འགོད་པ་ཨའེ་རུའེ་ཁེ·ཉིར་སེན་གྱིས་མྱོང་ཚོར་ཟབ་མོས་བཤད། ཚེས་27ཉིན་ནས་ཚེས་30ཉིན་བར། “མཛེས་སྡུག་ལྡན་པའི་བོད་ལྗོངས་དང་འཕྲད། གངས་ལྗོངས་ཀྱི་ལེའུ་གསར་པ་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་རིམ་སྤེལ་བྱེད་སྒོ་ཉིང་ཁྲིར་གཉེར་ཞིང་། ཨའེ་རུའེ་ཁེ·ཉིར་སེན་དང་འདྲ་བར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་44ཡི་སྐུ་མགྲོན་400ལྷག་ཙམ་མཉམ་དུ་འཛོམས་ནས“བོད་ལྗོངས་འཕེལ་རྒྱས”ཀྱི་བརྗོད་དོན་གཙོ་བོར་སླར་ཡང་དམིགས་ཏེ། བོད་དང་འཛམ་གླིང་གི་སྤེལ་རེས་ལ་སྐུལ་འདེད་དང་སྒོ་དབྱེ་མཉམ་ལས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཕྱི་ཕྱོགས་ཁྱབ་སྤེལ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། དེ་སྔ་དང་འདྲ་བར་ད་ཐེངས་ཀྱི་གླེང་སྟེགས་ལ་གདན་ཞུ་བྱས་པའི་སྐུ་མགྲོན་ནང་གོ་ལ་ཧྲིལ་པོའི་གླིང་ཆེན་ལྔ་ནས་ཡོང་བ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་སྨྱན་སྦྱོར་གྱི་འཐུས་མི་བཅས་ཡོད།དེ་སྔོན་དང་མི་འདྲ་བ་ནི་ད་རེས་ཀྱི་གླེང་སྟེགས་ཐོག་བོད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་དང་པོ་འཚོགས་ནས་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་སྟོབས་ཤུགས་ལ་བརྟེན་ཏེ་གླེང་སྟེགས་ཀྱི་གྲུབ་འབྲས་དང་། ལྷག་པར་དུ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འཛམ་གླིང་ས་གནས་ཁག་ཏུ་བརྒྱུད་བསྒྲགས་བྱ་རྒྱུ་ཡིན་པ་དེ་ཐོག་ནས“སྒོ་འབྱེད”དེ་བོད་ཀྱི་མངོན་གསལ་དོད་པའི་མཚོན་རྟགས་སུ་གྱུར་པ་མཚོན་ཡོད།

    “2024ལོར་བོད་ཀྱི་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་14སླར་གསོ་དང་སྒོ་མོ་ཕྱེ་ནས་བོད་ཀྱི་ནས་རག་དང་། གཞིས་རྩེའི་ལུག ཆབ་མདོའི་རྒུན་ཆང་། ཉིང་ཁྲིའི་ཀུ་ཤུ། ནག་ཆུའི་དབྱར་རྩྭ་དགུན་འབུ། མངའ་རིས་ཀྱི་གཏེར་ཆུ། ལྷོ་ཁའི་སྡོང་ཐུང་ཀུ་ཤུ་བཅས་གཅིག་རྗེས་གཉིས་མཐུད་ངང་ཕྱི་རྒྱལ་དུ་ཕྱིར་གཏོང་བྱས་ཡོད”ཅེས་རྒྱལ་སྒྲོལ་དྲ་ཚོང་གི་ཚོང་པ་རྙིང་པ་བསོད་ནམས་ཚེ་རིང་གིས་བཤད། གྲུབ་འབྲས་དེ་དག་ལས་བོད་ཀྱིས་རང་འགུལ་ངང་འཛམ་གླིང་གི་ཕྱོགས་སུ་སྐྱོད་པ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་གང་ལེགས་མངོན་ནས་འཛམ་གླིང་གིས་བོད་ཀྱི་གསོན་ཤུགས་དང་ཉམས་འགྱུར་དངོས་འབྲེལ་ཚོར་ཐུབ་ཡོད།

    གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6370.73ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་11.21%འཕར་བའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་35.67ལ་སྣེ་ལེན་ཞུས་པ་དེ་་དུས་མཚུངས་ལས་33.45%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།