ཀྲུང་ཡོའི་བྱང་སྣེའི་མྱུར་བགྲོད་གྲུ་ལམ་གྱི་ཟོག་གྲུ་དང་པོ་ཕོ་ལན་དུ་འབྱོར་བ།
ཤིན་ཧྭ་གསར་འགྱུར་ཁང་ཕོ་ལན་གྱི་གྲོང་ཁྱེར་ཀེ་ཏན་སི་ཁེ་ནས་གློག་འཕྲིན་འབྱོར་གསལ། ཉིན་26སོང་རྗེས། ཀྲུང་ཡོའི་བྱང་སྣེའི་དོས་སྒམ་མྱུར་བགྲོད་གྲུ་ལམ་གྱི་ཟོག་གྲུ་དང་པོ་ཚེས་19ཉིན་གྱི་ཐོ་རེངས་སུ་ཕོ་ལན་གྱི་བྱང་རྒྱུད་གྲོང་ཁྱེར་ཀེ་ཏན་སི་ཁེའི་གྲུ་ཁར་འབྱོར་ཡོད། ཤེས་རྟོཌ་བྱུང་བར་གཞིགས་ན། ཀྲུང་ཡོའི་བྱང་སྣེའི་མྱུར་བགྲོད་ཟོག་གྲུ་བྱང་སྣེའི་བྱང་ཤར་གྱི་གྲུ་ལམ་བརྒྱུད་ཐད་ཀར་ཡོ་རོབ་ལ་སླེབས་པ་དང་། དུས་ཡུན་ཉིན་20ནང་ཡོ་རོབ་ཀྱི་འབབ་ཚུགས་ཐོག་མ་ཧྥེ་ལི་ཁེ་སི་ཐོ་གྲུ་ཁར་འབྱོར་པ་དེ། སུའུ་དབྱི་ཧྲི་མི་བཟོས་གཙང་པོའི་གྲུ་ལམ་དུ་ཉིན་40དང་ཧའོ་ཝང་ཅའོ་གླིང་ཟུར་གྲུ་ལམ་དུ་ཉིན་50འགོར་བ་དང་བསྡུར་ན་གྲུ་ལམ་དེར་ལེགས་ཆ་མངོན་གསལ་དོད་པོ་ལྡན་ཡོད།
འབྲེལ་ཡོད་གསར་འགྱུར།