བོད་ལྗོངས་མངའ་རིས་སུ་བོད་སྐྱོར་སྨན་པས་བོད་རིགས་སྤུན་ཟླའི་ཚེ་སྲོག་བདེ་ཐང་བསྲུངས་བ།

ཤིས་ཨན་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པའི་སྨན་ཁང་གི་སྲེ་ལོང་ཕྱི་ནད་བརྟག་བཅོས་ལྟེ་གནས་ཀྱི་སྨན་པ་དབྱང་ཅེ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་བསླེབས་རྗེས་རུས་ནད་ཚན་ཁག་གི་ལས་སྒོའི་ཀྲུའུ་རེན་གྱི་འགན་འཁུར་གྱི་ཡོད། མངའ་རིས་ས་ཁུལ་གྱི་སྨན་བཅོས་ཐོན་ཁུངས་ལྟོས་བཅས་ཀྱིས་ཞན་ཞིང་། ས་བབ་མཐོ་བ་དང་། གསོ་རླུང་དཀོན་པ། རི་ཁུལ་མང་བ་སོགས་རྐྱེན་ཀྱིས་སྲེ་ལོང་ཡ་མ་གཟུགས་དང་། སྲེ་ལོང་ལ་རྨས་སྐྱོན་ཕོག་པ། རུས་ཚིགས་ན་བ་སོགས་རུས་ནད་ཐོན་མང་བའི་ཁར་ཆེད་ལས་ཀྱི་བརྟག་བཅོས་ལག་རྩལ་ཞན་པ་སོགས་ཀྱི་གནས་ཚུལ་དངོས་ལ་དམིགས་ནས། ཁོང་གིས་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་བོད་རིགས་སྤུན་ཟླ་ཚོར་སྔོན་ཐོན་གྱི་བརྟག་བཅོས་ཞབས་འདེགས་ཞུས་ཏེ་མང་ཚོགས་ཀྱི་སྡུག་བསྔལ་སེལ་ཞིང་། འདི་ནི་རུས་ནད་ཚན་ཁག་གི་བོད་སྐྱོར་སྨན་པ་དབྱང་ཅེས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།