དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་དུ་རིམ་རྩིས་བརྒྱབ་ན་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་830ལྷག་ཙམ་ཟིན་པ།

    ཕན་པ་ཐོབ་རྒྱ་གྲོང་གསེབ་བར་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-28

    གསར་འགོད་པར་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་རིམ་རྩིས་བརྒྱབ་ན་བྱང་ཕྱོགས་སུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་830ལྷག་ཙམ་དྲངས་པར་ཆུ་རྒྱུད་ཀྱི་གྲོང་ཁྱེར་ཆེ་གྲས་དང་འབྲིང་གྲས་48ཀྱི་མི་དུང་ཕྱུར་1.95ལ་ཕན་པ་ཐོབ་པ་དང་། ཆུ་རྒྱུད་ཀྱི་ལེ་ལག་ཚང་བའི་ལས་གྲྭ་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག ཕན་པ་ཐོབ་རྒྱ་གྲོང་ཁྱེར་ཆེ་གྲས་དང་འབྲིང་གྲས་ནས་གྲོང་གསེབ་བར་ཆེ་རུ་ཕྱིན་ཡོད།

    ལྷོ་ཆུ་བྱང་འདྲེན་ཚོགས་པས། “ལྟ་ཞིབ་ཚད་ལེན་དང་། སྲུང་སྐྱོང་། སྔོན་འགོག་ཚོད་འཛིན། འཕྲལ་སྡོམ། ཚན་ཞིབ”བཅས་གཞི་གཅིག་ཏུ་འདུས་པའི་ཆུའི་སྤུས་ཚད་བདེ་འཇགས་འགན་ལེན་མ་ལག་བཙུགས་པས། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་ཐའོ་ཁྲ་ཆུའི་སྤུས་ཚད་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དཔྱད་གྲངས་ཁག་101ནས་197བར་རིམ་འཕར་བྱུང་བ་དང་། དབུས་རྒྱུད་ལས་གྲྭའི་ཆུའི་སྤུས་ཚད་ས་ངོས་ཆུའི་རིགས་IIཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ། ཤར་རྒྱུད་ལས་གྲྭའི་ཆུའི་སྤུས་ཚད་ས་ངོས་ཆུའི་རིགས་IIIཀྱི་ཚད་གཞིར་སླེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།