དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་བཅའ་ཁྲིམས་ཀྱི་འཆར་ཟིན་ཁག་གཅིག་ལ་གྲོས་ཞིབ་བྱས་པ།

    སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་བཏང་ནས་སྤྱི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཐེན་ཕེ།   |     སྤེལ་དུས།  2025-10-28

    ཟླ་10ཚེས་24ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་སྦགས་བཙོག་འགོག་བཅོས་འཆར་ཟིན་བཟོ་འགོད་དང་བཅའ་ཁྲིམས་ཀྱི་འགན་འཁྲི་དང་ཞར་བྱུང་འཆར་ཟིན་བཟོ་འགོད་ལ་བཟོ་བཅོས་རྒྱག་ཚུལ་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧྲེན་ཁྲུན་ཡའོ་ཡིས་གནང་བའི་སྙན་ཞུ་ཉན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྦགས་བཙོག་འགོག་བཅོས་འཆར་ཟིན་བཟོ་འགོད་ཀྱི་རྩོམ་ཞུས་གཉིས་པའི་ནང་སྦགས་བཙོག་འགོག་བཅོས་ལས་དོན་གྱི་སྤྱིའི་བླང་བྱ་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ་དང་སྤྱི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བྱེད་པའི་ནང་དོན་མང་དུ་བཏང་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་། སྡེ་ཚན། ས་གནས། རིགས་གཅིག་མཁས་ཅན་བཅས་འགའ་ཞིག་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་འགོག་བཅོས་ཐད་མ་དངུལ་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ལས་ཀྱི་ཕྱིའི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་སྦགས་བཙོག་འགོག་བཅོས་འཆར་ཟིན་བཟོ་འགོད་ལ་གཤམ་གསལ་གྱི་བཟོ་བཅོས་བྱེད་དགོས་པའི་གྲོས་འགོ་བཏོན་པ་སྟེ། གཅིག་ནས་རིམ་ཁག་མི་དམངས་སྲིད་གཞུང་གིས་ནོར་སྲིད་ཀྱི་སྔོན་རྩིས་ཁྲོད་མ་དངུལ་བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་དང་། སྒོ་ཕྱུགས་ཁྱིམ་བྱ། ཆུ་ཐོན་དངོས་རྫས་བཅས་གསོ་སྤེལ་གྱི་སྦགས་བཙོག་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་པ་དང་། གཉིས་ནས་ཕྱུགས་སྨན་དང་། གཟན་ཆག གཟན་ཆག་གི་ཁ་ཚར་སོགས་ཞིང་ལས་སྤྱོད་རྫས་ཚན་རིག་དང་མཐུན་ལ་ལུགས་མཐུན་དང་བདེ་འཇགས་ངང་སྤྱོད་པ་དང་ཞིང་ལས་སྤྱོད་རྫས་ཐུམ་སྒྲིལ་གྱི་བེད་མེད་རོ་ཏོ་ཚན་རིག་དང་མཐུན་པའི་ངང་ཐག་གཅོད་བྱེད་དགོས་པའི་གཏན་འབེབས་མང་དུ་གཏོང་བ། གསུམ་ནས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་འདི་གའི་སྒོ་ཕྱུགས་ཁྱིམ་བྱ་ཁ་ཐོར་གསོ་ཚགས་ཁུལ་གཏན་འཁེལ་བྱེད་དགོས་པའི་གཏན་འབེབས་མང་དུ་གཏོང་དགོས་པ་བཅས་ཁ་གསལ་བཏོན་ཡོད།

    ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་འགོག་བཅོས་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྦགས་བཙོག་འགོག་བཅོས་འཆར་ཟིན་བཟོ་འགོད་ནང་གཏན་འབེབས་མང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་སྟེ། “རྒྱལ་སྲིད་སྤྱི་ཁྱབ་ཁང་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས་གཏན་འཁེལ་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་རྒྱུར་འབུལ་དགོས། གཙོ་གནད་ས་ཁུལ་གནས་སའི་ཁུལ་བཙུགས་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་ཇུས་གཞི་བཟོ་རྒྱུ་སྒྲིག་འཛུགས་བྱེད་པ་དང་ཆབས་ཅིག ལག་བསྟར་ཡང་བྱེད་དགོས། གཙོ་གནད་ལས་རིགས་ཁེ་ལས་ཀྱིས་དུས་བཀག་ལྟར་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་བྱས་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་དགོས”

    གཞན་ཡང་། ཡལ་བའི་རང་བཞིན་གྱི་སྐྱེ་ལྡན་དངོས་པོའི་སྦགས་བཙོག་འགོག་བཅོས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་ཆེད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། སྦགས་བཙོག་འགོག་བཅོས་འཆར་ཟིན་བཟོ་འགོད་ནང་གཤམ་གསལ་གྱི་གཏན་འབེབས་མང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་སྟེ། གཡོ་བཅོས་དང་། བཀག་བཅད། རྫུན་བཟོ་བཅས་བྱས་པའི་འཕྲུལ་སྒུལ་འཁོར་རིགས་དང་གྲུ་གཟིངས་དང་། འགྲོ་ལམ་མིན་པའི་སྤོ་བདེའི་འཕྲུལ་ཆས། ལྕགས་ལམ་གྱི་མེ་འཁོར་ཨ་མ། སྒུལ་བྱེད་འཕྲུལ་འཁོར་གྱི་བཙོག་འབུད་ཞིབ་དཔྱད་གྲངས་གཞིར་སྤྱོད་པའི་སྒྲིག་ཆས་དང་བཙོག་འབུད་ཞིབ་དཔྱད་རྫུན་མར་ཆ་རྐྱེན་མཁོ་འདོན་བྱེད་པའི་ཞིབ་དཔྱད་སྒྲིག་ཆས་ཐོན་སྐྱེད་དང་། ནང་འདྲེན། ཕྱིར་ཚོང་བཅས་བྱེད་མི་ཆོག

    བཅའ་ཁྲིམས་ཀྱི་འགན་འཁྲི་དང་ཞར་བྱུང་འཆར་ཟིན་བཟོ་འགོད་ཀྱི་རྩོམ་ཞུས་གཉིས་པའི་མ་ཟིན་ནང་སྐྱོན་ཆད་དོ་མཉམ་གྱི་རྩ་དོན་སྔར་བས་དོན་འཁྱོལ་བྱས་ནས་དངུལ་ཆད་དང་འབྲེལ་བ་ཡོད་པའི་གཏན་འབེབས་ལེགས་སྒྲིག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།