མི་ཐབས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།
ཟླ་10ཚེས་24ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་(བཟོ་བཅོས་འཆར་ཟིན)》རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པར་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། དེ་གོང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པས་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་ཐོག་མར་གྲོས་ཞིབ་བྱས་ཡོད།
རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཁག་གཅིག་གིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་བྱས་ནས་དྲ་རྒྱའི་བདེ་འཇགས་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་དོན་གྱི་ནང་དོན་འཐུས་སྒོ་ཚང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། དྲ་རྒྱའི་བདེ་འཇགས་ལས་དོན་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་གཏན་འབེབས་ཁ་སྣོན་རྒྱག་པའི་གྲོས་འགོ་བཏོན་ཡོད།
རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་ས་གནས་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ཁག་གཅིག་གིས། མིག་སྔར་མི་ཐབས་རིག་ནུས་ཀྱི་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་སྤྱོད་བཞིན་ཡོད་པས་བཅའ་ཁྲིམས་འདིའི་ནང་བརྡ་ལན་ཧུར་ཐག་སློག་པ་དང་། མི་ཐབས་རིག་ནུས་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་ཐབས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་འགྲོ་འགོ་བཏོན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་རྒྱལ་ཁབ་ཀྱིས་མི་ཐབས་རིག་ནུས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་རྩི་ཐབས་སོགས་འགག་རྩའི་ལག་རྩལ་ཞིབ་སྤེལ་ལ་རྒྱབ་སྐྱོར་བྱེད་པ་དང་། མི་ཐབས་རིག་ནུས་སྦྱོང་བརྡར་གྲངས་གཞིའི་ཐོན་ཁུངས་དང་རྩིས་ནུས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་ཀྱི་མི་ཆོས་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་ལ་ཤུགས་སྣོན་རྒྱག་པ། མི་ཐབས་རིག་ནུས་བདེ་འཇགས་ལྟ་འདོམས་གསར་གཏོད་དང་དེར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་ཐབས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་གཏན་འབེབས་ཁ་སྣོན་རྒྱག་པའི་གྲོས་འགོ་བཏོན་ཡོད།
རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཁག་གཅིག་གིས་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོང་བྱེད་པའི་ཐད་དམངས་དོན་ཁྲིམས་གཞུང་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་སྦྲེལ་མཐུད་བྱེད་པའི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་གྲོས་འགོ་བཏོན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་དྲ་རྒྱ་གཉེར་སྐྱོང་མཁན་གྱིས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་འདི་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པའི་གཏན་འབེབས་ཁ་སྣོན་རྒྱག་པའི་གྲོས་འགོ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།