གྲོང་མི་ཨུ་ཡོན་ལྷན་ཁང་གི་འགན་འཁྲིར“རྒན་རྒོན་དང་གཞིས་ལུས་བྱིས་པར”སེམས་ཁུར་དང་གཅེས་སྐྱོང་བྱེད་པ་ཁ་སྣོན་རྒྱག་རྩིས་ཡོད་པ།
ཟླ་10ཚེས་24ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་བ་དང་། དེ་གོང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་འཆར་ཟིན་དེར་ཐོག་མའི་གྲོས་ཞིབ་བྱས་པ་རེད།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ས་གནས། སྡེ་ཚན་བཅས་འགའ་ཞིག་གིས་བཏོན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“གཞི་རིམ་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་མཚོན་བྱེད་གལ་ཆེན་ཡིན”ཞེས་གསལ་པོར་བཏོན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཏོན་པ་དེ་འཆར་ཟིན་ནང་མངོན་པར་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བསམ་འཆར་དེར་མོས་མཐུན་བྱས་ཏེ་གཏན་འབེབས་ཁ་སྣོན་རྒྱག་རྒྱུའི་གྲོས་འགོ་བཏོན་པ་སྟེ། གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱིས“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། རང་སྐྱོང་དང་། ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ་བཅས་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ”དེ་རེད།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ས་གནས། སྡེ་ཚན་བཅས་འགའ་ཞིག་གིས་བཏོན་དོན། རང་རྒྱལ་གྱི་མི་འབོར་གནས་བབ་ལ་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག རྒན་རྒོན་དང་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་སྔར་བས་མང་བ་བྱེད་དགོས་པ་དང་། གྲོང་མི་ཨུ་ཡོན་ལྷན་ཁང་ལ་འདིའི་ཐད་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། འཆར་ཟིན་གྱི་འབྲེལ་ཡོད་དོན་ཚན་ལ་གཤམ་གསལ་ལྟར་བཟོ་བཅོས་རྒྱག་པའི་གྲོས་འགོ་བཏོན་པ་སྟེ། གཅིག་ནས་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་ཨུ་ཡོན་ལྷན་ཁང་ཁྲོད་ཀྱི“བུད་མེད་དང་བྱིས་པའི་ལས་དོན”ཨུ་ཡོན་ལྷན་ཁང་དེ“རྒན་རྒོན་དང་བུད་མེད་དང་བྱིས་པའི་ལས་དོན”ཨུ་ཡོན་ལྷན་ཁང་དུ་བཟོ་བཅོས་རྒྱག་པ་དང་། གཉིས་ནས་གྲོང་མི་ཨུ་ཡོན་ལྷན་ཁང་གི་འགན་འཁྲིར“རྒན་རྒོན་དང་གཞིས་ལུས་བྱིས་པར”སེམས་ཁུར་དང་གཅེས་སྐྱོང་བྱེད་རྒྱུ་ཁ་སྣོན་རྒྱག་པ་དེ་རེད།
འབྲེལ་ཡོད་གསར་འགྱུར།