སོར་རྩེའི་སྒྱུ་རྩལ་ལས་གནའ་བོའི་ཉམས་འགྱུར་མངོན།

ཟླ་10ཚེས་26ཉིན། “སོར་རྩེའི་སྒྱུ་རྩལ་ལས་གནའ་བོའི་ཉམས་འགྱུར་མངོན་ཞེས་པའི་ཧོ་པེའི་གནའ་བོའི་ལྡེབས་རིས་སྒྱུ་རྩལ་བརྩམས་ཆོས་རྩེ་གྲའི་འགྲེམས་སྟོན”ཧོ་པེ་མཛེས་རྩལ་ཁང་དུ་གཉེར་བ་དང་། གསལ་ཚད་མཐོ་བའི་བཤར་འབེབས་པར་འདེབས་ལག་རྩལ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དུར་ས་དང་དགོན་སྡེ་24ཡི་ནང་གི་ཧན་རྒྱལ་རབས་ཤར་མ་ནས་མིང་དང་ཆིང་རྒྱལ་རབས་བར་གྱི་ལྡེབས་རིས་བརྩམས་ཆོས་རྩེ་གྲ་131འགྲེམས་སྟོན་བྱས་ཤིང་། ད་ཐེངས་ཀྱི་འགྲེམས་སྟོན་ཟླ་10པའི་ཟླ་མཇུག་བར་གཉེར་རྒྱུ་ཡིན་པ་རེད། འདི་ནི་ཉིན་ཤས་གོང་ལྟད་མོ་བས་ཧྲེ་ཅ་ཀྲོང་གྲོང་ཁྱེར་དུ་ཡོད་པའི་ཧོ་པེ་མཛེས་རྩལ་ཁང་དུ“ཧོ་པེའི་གནའ་བོའི་ལྡེབས་རིས་སྒྱུ་རྩལ་བརྩམས་ཆོས་རྩེ་གྲའི་འགྲེམས་སྟོན”ལ་ལྟ་སྐོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།