2025ལོའི་རྒྱལ་སྤྱིའི་ཝུའུ་ཏང་གི་ཐའེ་ཅི་དྲག་རྩལ་རིག་གནས་དུས་ཆེན་ཧུའུ་པེའི་ཧྲི་ཡན་དུ་གཉེར་བ།
ཟླ་10ཚེས་25ཉིན་གྱི་སྔ་དྲོ། “གནམ་འོག་ཐའེ་ཅི་ཝུའུ་ཏང་ཡུལ་དུ་འཛོམས། ཝུའུ་ཏང་ཐའེ་ཅིས་གནམ་འོག་མཐུན་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་རྒྱལ་སྤྱིའི་ཝུའུ་ཏང་གི་ཐའེ་ཅི་དྲག་རྩལ་རིག་གནས་དུས་ཆེན་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་རིག་གནས་དུས་ཆེན་ནི་ཧྲི་ཡན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཧུའུ་པེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་། འགོ་ཚུགས་མཛད་སྒོ་ཕུད། ད་དུང་མི་སྣ་གྲགས་ཅན་གྱི་འཆད་ཁྲིད་ཆེ་མོ་དང་། རྒྱལ་སྤྱིའི་ཡུལ་སྐོར་ཚོང་པའི་མཉམ་ལས་སྤེལ་རེས། ཝུའུ་ཏང་རི་བོའི“དགུན་ཉམས”བརྗོད་དོན་གཙོ་བོའི་པར་རྒྱག་འགྲེམས་སྟོན། ཝུའུ་ཏང་རི་བོའི་ཐའེ་ཅིའི་མཚན་མོའི་རིག་གནས་ཡུལ་སྐོར་འཛད་སྤྱོད་གཟའ་འཁོར་སོགས་བྱེད་སྒོ་མང་པོ་སྤེལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།