བོད་ཀྱི་རྣམ་གྲངས་4རྒྱལ་ཡོངས་ཀྱི་མཆོག་རམས་པའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་གསུམ་པའི་སྤྱིའི་མཐའ་བསྡུར་ནང་ཚུད་པ།
ཚེས་26ཉིན། རྒྱལ་ཡོངས་ཀྱི་མཆོག་རམས་པའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་གསུམ་པའི་སྤྱིའི་མཐའ་བསྡུར་ཧྥུའུ་ཅན་ཞིང་ཆེན་ཅིན་ཅང་དུ་འགོ་ཚུགས་ཤིང་། རང་ལྗོངས་ཀྱི་གསར་གཏོད་འགྲན་བསྡུར་གྱི་རྣམ་གྲངས་3དང་ལས་གཏོད་འགྲན་བསྡུར་གྱི་རྣམ་གྲངས་1སྤྱིའི་མཐའ་བསྡུར་ནང་ཚུད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་སུ་ཁྱོན་མཆོག་རམས་པའི་ཚན་ཞིབ་འཁོར་སྐྱོད་ས་ཚིགས་3དང་ཚན་ཞིབ་ལས་དོན་ས་ཚིགས་5བཙུགས་ཡོད་པ་དེ་དག་གི་ཞིབ་འཇུག་ཁྱབ་ཁོངས་བོད་ལུགས་གསོ་རིག་དང་། མི་རིགས་རིག་པ། སྐྱེ་ཁམས་རིག་པ། ས་མཐོའི་སྐྱེ་དངོས་ཞིབ་འཇུག འགྲིམ་འགྲུལ་ལས་གྲྭ ཞིང་ལས་ལས་གྲྭ གཏེར་འདོན་བཙོ་སྦྱང་། ནུས་རྒྱུ་གཙང་མ་བཅས་རིག་ཚན་ཁྱབ་ཁོངས་8དང་འབྲེལ་བ་ཡོད། ལྗོངས་ཡོངས་ཀྱི་ལས་དོན་ས་ཚིགས་སུ་ཡོད་པའི་མཆོག་རམས་པ་8དང་ལས་དོན་ས་ཚིགས་ནས་ཕྱིར་ཐོན་པའི་མཆོག་རམས་པ་13ཡོད་པ་དེ་དག་གིས་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས་13དང་མཆོག་རམས་པའི་ཚན་ཞིབ་ཐེབས་རྩའི་རྣམ་གྲངས་6གཙོ་སྐྱོང་བྱས་ནས་ལག་བསྟར་བྱས་ཁར། རྒྱལ་ཁབ་དང་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས་17ནང་ཞུགས་པ་མ་ཟད། ད་དུང་ཟས་རིགས་སྐྱེ་དངོས་དང་། ས་མཐོའི་འཁྱགས་ས། གཏེར་རྫས་རྩད་ཞིབ་སོགས་ཁྱབ་ཁོངས་སུ་གསར་གཏོད་རང་བཞིན་གྱི་ཚན་ཞིབ་གྲུབ་འབྲས་གལ་ཆེན་ཁག་གཅིག་བླངས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།