ཅང་སུའུ་ཞིང་ཆེན་གྱི་གཅེས་སེམས་ཁེ་ལས་མཁས་ཅན་གྱིས་ལྷུན་གྲུབ་རྫོང་དུ་གཅེས་སེམས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ།
ཉེ་ཆར། ཅང་སུའུ་ཞིང་ཆེན་གྱི་གཅེས་སེམས་ཁེ་ལས་ཀྱི་འཐུས་མི་ཚོགས་པ་དང་བཅས་པས་ཆེད་མངགས་ལྷུན་གྲུབ་རྫོང་དུ“དགེ་སྒྲུབ་ཀྲུང་གོ མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་སྐྲུན”ཞེས་པའི་སློབ་སྐྱོར་དང་གཅེས་སེམས་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་ནས་གངས་ལྗོངས་ས་མཐོའི་སློབ་གསོ་དང་དམངས་འཚོ་འཕེལ་རྒྱས་ལ་མི་སེམས་དྲོ་བའི་སྟོབས་ཤུགས་བསྣན་ཡོད་པ་རེད།
མཛད་སྒོ་འཚོག་ཡུལ་དུ་ཅང་སུའུ་ཞིང་ཆེན་གྱི་གཅེས་སེམས་ཁེ་ལས་ཀྱི་འཐུས་མི་ཚོགས་པས་ལྷུན་གྲུབ་རྫོང་ལ་རིན་ཐང་སྒོར་ཁྲི་50རི་བའི་དོ་དམ་མ་ལག་གི་མཉེན་ཆས་ཆ་ཚང་ཞིག་ཞལ་འདེབས་ཕུལ་བ་དང་། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་10ལ་དངུལ་སྨར་སྤྲད་པ། ཞིང་འབྲོག་མང་ཚོགས་100ལ་དྲོད་སྲུང་དངོས་ཟོག་སྤྲད་པ་རེད།
ལྷུན་གྲུབ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧའེ་ཡུན་གྱིས། ལྷུན་གྲུབ་རྫོང་ཨུད་དང་། རྫོང་སྲིད་གཞུང་། དེ་བཞིན་རོགས་སྐྱོར་ཐོབ་པའི་སློབ་མ། དཀའ་ངལ་ཡོད་པའི་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཅང་སུའུ་ཞིང་ཆེན་གྱི་གཅེས་སེམས་ཁེ་ལས་མཁས་ཅན་གྱི་འཇུངས་པ་མེད་པའི་དགེ་ལས་ལ་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁེ་ལས་མཁས་ཅན་ཁག་གིས་བོད་སྐྱོར་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ལྷུན་གྲུབ་ཀྱི་མ་འཇོག་ལས་དར་དང་། གསར་གཏོད་ལས་གཏོད། བྱས་རྗེས་འཇོག་པ་བཅས་ནང་ཧུར་ཐག་ཞུགས་པ་དང་ལྷུན་གྲུབ་དང་འགྲོ་འོང་མང་ཙམ་བྱེད་པ་དང་འབྲེལ་བ་ཟབ་ཏུ་བཏང་ནས་རིམ་པ་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་ཆེ་བའི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་སྐྲུན་རིང”ལག་གདང་སྦྲེལ་ནས་ངོ་མཚར་ཆེ་བའི་ལེའུ་རྩོམ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
ཞལ་འདེབས་འབུལ་བའི་མཛད་སྒོ་མ་འཚོག་གོང་ཅང་སུའུ་ཞིང་ཆེན་གྱི་གཅེས་སེམས་ཁེ་ལས་ཀྱི་འཐུས་མི་ཚོགས་པས་ད་དུང་ལྷུན་གྲུབ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གསུམ་ལ་སྲིང་བལ་མལ་ཆས་དང་འཚོ་བའི་མཁོ་ཆས་ཀྱང་སྤྲད་པ་རེད།
ཅང་སུའུ་ཞིང་ཆེན་གྱི་གཅེས་སེམས་ཁེ་ལས་མཁས་ཅན་གྱིས་ལྷུན་གྲུབ་ཀྱི་སློབ་གསོ་དང་དམངས་འཚོར་རོགས་སྐྱོར་རྒྱུན་མཐུད་བྱེད་ཟབ་ཏུ་བཏང་ནས་ས་མཐོའི་སློབ་གསོ་འཕེལ་རྒྱས་གཏོང་རིང་གི་དཀའ་ངལ་སེལ་རོགས་བྱས་ཏེ། ལྷུན་གྲུབ་རྫོང་གིས་དུས་རབས་གསར་པར་མི་རིགས་མཐུན་སྒྲིལ་དང་། ཡུན་རིང་བདེ་འཁོད། ཐུན་མོང་འབྱོར་ཕྱུག་བཅས་ཀྱི་ལེའུ་གསར་རྩོམ་རོགས་བྱེད་ཀྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།