དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྡོ་རྗེ་དངོས་གྲུབ་ཀྱིས།

    འདྲ་པར་ལྔ་ཡི་ཐོག་ནས་འགྱུར་ལྡོག་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-28

    རྡོ་རྗེ་དངོས་གྲུབ་ཁྱིམ་གྱི་ཚོམས་ཆེན་དུ་བཀལ་བའི་འདྲ་པར།

    རྡོ་རྗེ་དངོས་གྲུབ་ཀྱི་བུ་གཞོན་པ་སློབ་ཆེན་ལ་ཚུད་སྐབས་བརྒྱབ་པའི་པར།

    “པར་འདི་དག་ལས་ཏང་གི་ཐུགས་ཁུར་འོག་ང་ཚོའི་ཁྱིམ་གྱི་ཟས་གོས་སྡོད་གསུམ་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་བདེན་དཔང་ཐུབ”ཅེས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་སྐྱིད་རུ་གྲོང་ཚོའི་མི་དམངས་འདུམ་འགྲིག་ཨུ་ལྷན་གྱི་ཀྲུའུ་རེན་རྡོ་རྗེ་དངོས་གྲུབ་ཀྱིས་བཤད།

    རྡོ་རྗེ་དངོས་གྲུབ་ཁྱིམ་གྱི་ཚོམས་ཆེན་དུ། ཚོས་གཞི་ལོག་ནས་སེར་པོ་ཆགས་པའི་འདྲ་པར་ཁག་གཅིག་ཡོད་པ་དེས་འདས་ཟིན་པའི་ལོ་ཟླའི་གཏམ་རྒྱུད་གླེང་བཞིན་འདུག འདྲ་པར་དང་པོ་ནི་ལོ་18ལ་སླེབས་པའི་ཁོ་པས་ལུས་ལ་ཉེན་རྟོག་པའི་ལས་གོས་གྱོན་པ་དང་ཕོ་བྲང་པོ་ཏ་ལ་བཀོད་པའི་ཡོལ་རས་ཀྱི་མདུན་དུ་ཀྲོང་ངེར་ལངས་ནས་འདུག

    “འདི་ནི་ང‘ཕོ་བྲང་པོ་ཏ་ལ’ཡི་མདུན་དུ་པར་རྒྱག་ཐེངས་དང་པོ་ཡིན། སྐབས་དེ་དུས་གྲོང་ཁུལ་དུ་སྐྱོད་སའི་ལམ་ཀྱག་ཀྱོག་ཅིག་ལས་མེད་པས་ལྷ་སར་འགྲོ་བ་ནི་དེ་ལས་ཁག་པ་ཡོད”ཅེས་རྡོ་རྗེ་དངོས་གྲུབ་ཀྱིས་འདྲ་པར་ལ་རེག་བཞིན་བཤད།

    2001ལོར་སླེབས་སྐབས། རྡོ་རྗེ་དངོས་གྲུབ་ལྷ་སར་ཐེངས་དང་པོ་ཡོང་བ་དང་ཕོ་བྲང་པོ་ཏ་ལའང་མཇལ། “ང་སྤུན་མཆེད་ཀྱི་འཇིབ་ཆུང་ལ་བསྡད་དེ་ཞོགས་པ་ཁྱིམ་ནས་ཐོན་པ་དང་ས་སྲོས་སུ་ལྷ་སར་འབྱོར་སོང”ཞེས་བཤད་པ་དང་། སྐབས་དེ་དུས་ཁོང་ཚོས་ད་དུང་ལྷོ་ཁ་དང་ཉིང་ཁྲི་སོགས་སུ་ཡུལ་སྐོར་ལ་བསྐྱོད་ཅིང་། “ད་ཆ་ཆ་རྐྱེན་ལེགས་སུ་ཕྱིན་ནས་ལམ་བུ་ཡངས་ཤིང་བདེ་བ་ཞིག་བཟོས་འདུག”ཅེས་ཁོ་ཚོ་ཧ་ལས་ནས་དེ་ལྟར་བརྗོད།

    2023ལོའི་ལོ་མཇུག་ཏུ། རྡོ་རྗེ་དངོས་གྲུབ་ཀྱིས་བཟའ་ཟླ་འཁྲིད་དེ་ལྷ་སར་སྨན་པ་བསྟེན་པར་ཡོང་ཞིང་། ཕ་ཡུལ་གཞིས་རྩེར་ལོག་སྐབས་མེ་འཁོར་ལ་བསྡད་པས་ལམ་བར་དུ་ཆུ་ཚོད་2ལས་འགོར་མེད། “འདི་ནི་ང་མེ་འཁོར་ལ་སྡོད་ཐེངས་དང་པོ་ཡིན། མགྱོགས་པས་མ་ཚད་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།

    ཉིན་གང་ལམ་བུ་འབར་འབུར་བརྒྱུད་གཞིས་རྩེ་གྲོང་ཁུལ་དུ་འབྱོར་བ་ནས་ཉིན་གཅིག་ལ་བདེ་ལམ་བརྒྱུད་ལྷ་སར་འབྱོར་བའི་བར་དང་དེ་ནས་ཆུ་ཚོད་2ལྷག་ཙམ་ལ་ལྷ་ས་ནས་གཞིས་རྩེར་ལོག་ཐུབ་པའི་བར། ད་ཆ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་སོགས་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ཚགས་ཚུད་དུ་སོང་སྟེ་ས་མཐོའི་བུ་ཕྲུག་ཕྱོགས་ལ་ཐོན་པའི་འགྲུལ་བཞུད་ལམ་བུར་རྦད་དེ་འགྱུར་ལྡོག་སོང་ཡོད།

    གྱང་ལྡེབས་ཀྱི་འདྲ་པར་གསུམ་པ་དང་བཞི་པར་ལྟ་སྐབས། དེ་ནི་རྡོ་རྗེ་དངོས་གྲུབ་ལ་སྤོབས་པ་སྐྱེ་བའི་དུས་སྐབས་ཏེ། བུ་རྒན་གཞོན་གཉིས་སློབ་གྲྭ་ཆེ་མོར་ཚུད་སྐབས་ཀྱི་དྲན་རྟེན་པར་རེད། འདྲ་པར་ཐོག་གི་བུ་གཉིས་པོའི་སྤོབས་པ་ཆེར་སྐྱེད་ཀྱི་ཉམས་ཤིག་སྟོན་པ་དང་ཕའི་འཛུམ་མདངས་ལས་བདེ་སྐྱིད་ཀྱི་ཉམས་སྣང་ཞིག་མངོན།

    “ཏང་གི‘འགན་ལེན་གསུམ’གྱི་སྲིད་ཇུས་ལས་ཕན་པ་ཐོབ་སྟེ་ཕྲུ་གུ་ཚོ་སློབ་གྲྭ་ཆེ་མོ་མ་འགྲིམ་གོང་གི་འགྲོ་སོང་ཚང་མ་རྒྱལ་ཁབ་ནས་འགན་གཙང་བླངས་ཡོད། བུ་རྒན་པ་རྒྱ་མཚོ་སློབ་ཆེན་ཐོན་རྗེས་ཡར་ཆུ་ཨར་འདམ་བཟོ་གྲྭར་ལས་ཀ་རག་ནས་ཡོང་འབབ་བརྟན་པོ་ཡོད་པ་དང་། བུ་གཞོན་པ་བཀྲ་ཤིས་རྡོ་རྗེ་བོད་ལྗོངས་མི་རིགས་སློབ་ཆེན་དུ་སློབ་གྲྭ་འགྲིམ་བཞིན་ཡོད། རིག་གནས་ཡོད་ན་ཕྱིས་སུ་སྤྱི་ཚོགས་ལ་ཕན་པའི་མི་ཞིག་བྱེད་ཐུབ”ཅེས་རྡོ་རྗེ་དངོས་གྲུབ་ཀྱིས་བཤད།

    གླེང་མོལ་བྱེད་སྐབས། རྡོ་རྗེ་དངོས་གྲུབ་ཀྱིས་གྱང་ལྡེབས་ཀྱི་འདྲ་པར་ལྔ་པར་ཅེར་ནས་བལྟས་ཏེ་ཁ་མ་གྲགས། དེ་ནི་ལོ་ན་ཕྲ་བའི་ཁོང་གིས་བྱིས་པ་ཞིག་པང་དུ་ཉར་ནས་ས་ཕག་དང་ཤིང་ཆ་ལས་གྲུབ་པའི་ཁང་པ་གསར་རྐྱང་ཞིག་གི་མདུན་དུ་བརྒྱབ་པའི་པར་རེད།

    “འདི་ནི་1998ལོའི་ཆུ་ལོག་གནོད་འཚེ་ཐོན་རྗེས། ང་ཚོ་ཕུན་ཚོགས་གླིང་ཤང་ནས་བརྒྱབ་མ་ཐག་པའི་ཁང་པ་གསར་པར་སྤོ་སྐབས་སེམས་རྩ་འཁོལ་བའི་ཡུལ་སྐོར་བ་ཞིག་གིས་བརྒྱབ་ནས་བསྐུར་ཡོང་བའི་པར་རེད”འདྲ་པར་འདིས་ཁོ་ཚོའི་ཁྱིམ་གྱི་གེགས་རྗེས་བསྐྱར་སྐྲུན་ལ་བདེན་དཔང་བྱས་ཤིང་། “ཁང་པ་ཆུ་ལོག་གིས་བསྣུབས་རྗེས་སྲིད་གཞུང་གིས་འཕྲལ་མར་གུར་དང་འཚོ་བའི་མཁོ་ཆས་སྤྲད་པ་མ་ཟད། ཁང་ས་དང་ཤིང་ཆ་བགོས་པ་དང་རྨོན་མཛོ་ཡང་སྤྲད་ནས་ང་ཚོའི་དཀའ་ངལ་བསལ་བྱུང”ཞེས་ཁོང་གིས་སྐབས་དེའི་གནས་ཚུལ་ད་ཆའང་གསལ་པོར་དྲན་བཞིན་མཆིས།

    གསར་འགོད་པ་དེ་གར་འབྱོར་སྐབས་རྡོ་རྗེ་དངོས་གྲུབ་ལས་མི་ཚོ་དང་མཉམ་དུ་ཐོག་ཁར་ལས་ལ་བྲེལ་བཞིན་འདུག ལོ་འགོར་བརྒྱབ་པའི་ས་ཡོམ་ལས་མདའ་གཡབ་ཁ་ཤས་འགྱེལ་ཡོད་ལ། ད་ཆ་གེགས་རྗེས་བསྐྱར་སྐྲུན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག་མདའ་གཡབ་གསར་པ་དག་དེ་བས་བརྟན་པོ་ཡོད།

    གནོད་འཚེ་ཁག་གཉིས་པོ་བསྡུར་སྐབས་རྡོ་རྗེ་དངོས་གྲུབ་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“1998ལོའི་ཆུ་ལོག་དེ་ཏང་དང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་གེགས་སེལ་བྱས་ནས་ང་ཚོར་ཁྱིམ་ཚང་གསར་པ་གནང་བྱུང་ལ། ད་ཐེངས་ས་ཡོམ་རྒྱག་སྐབས་ཀྱང་ཏང་དང་སྲིད་གཞུང་གི་རོགས་སྐྱོབ་དཔུང་ཁག་འཕྲལ་དུ་འབྱོར་བྱུང་ལ། ང་ཚོར་དངོས་ཟོག་སྣ་ཚོགས་ཉིན་མཚན་བསྟུད་མར་བསྐྱལ་བྱུང”ཞེས་བཤད།

    སྐབས་དེ་དུས་རྡོ་རྗེ་དངོས་གྲུབ་ལྷ་སར་བཟའ་ཟླར་ནད་གཡོག་རྒྱུག་བཞིན་ཡོད་ཅིང་། གེགས་ཚུལ་ཤེས་རྟོགས་བྱུང་རྗེས། ཁོ་པ་འཕྲལ་དུ་སྐྱིད་རུ་གྲོང་ཚོར་ལོག་ནས་གེགས་སེལ་གྱི་འཐབ་ས་དང་པོར་ཉིན་བཅུ་ལྷག་ཙམ་འབད་འཐབ་བྱས་ཡོད། ཁོ་པས“ང་ནི་ཏང་ཡོན་ཞིག་ཡིན་པས། ཉེན་ཁའི་མདུན་དུ་གདོང་མཆོང་བྱེད་དགོས་ངེས་རེད”ཅེས་བཤད།

    ལོ་27གོང་གི་རོགས་སྐྱོབ་ཐོབ་པའི་གཞོན་ནུ་ཞིག་ནས་ད་ཆ་ཡུལ་མི་ཚོའི་སྣེ་ཁྲིད་དེ་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ཏང་ཡོན་ལས་བྱེད་པ་ཞིག་གི་བར། རྡོ་རྗེ་དངོས་གྲུབ་ཀྱི་ཐོབ་ཐང་ལ་འགྱུར་ལྡོག་ཕྱིན་ཡོད་ཀྱང་དྲིན་ཚོར་གྱི་བསམ་པར་འགྱུར་བ་གཏན་ནས་ཕྱིན་མེད། ཁོང་གིས་གྱང་ལྡེབས་སུ་བཀལ་བའི་འདྲ་པར་ལ་དལ་གྱིས་ལྟ་བཞིན“ད་ལྟའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་ཡོད་པས། བཀའ་དྲིན་འདི་ང་ཚོས་ནམ་ཡང་བརྗེད་མི་རུང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།